མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་པེ་ཅིང་དུ་ཕྱིར་ལོག་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་14ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་པེ་ཅིང་དུ་ཕྱིར་ལོག་གནང་བ།

    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་13ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་དངོས་གཞི་མིན་པའི་མཇལ་འཛོམས་ཐེངས་གཉིས་པ་གནང་མཇུག་སྒྲིལ་བ་དང་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་མཇུག་སྒྲིལ་རྗེས་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཏེང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེ། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།  རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལེ་ཧྥུང་སོགས་ཕེབས་རོགས་ཞུ་མཁན་མི་སྣ་གནམ་གྲུ་གཅིག་ནང་མཉམ་དུ་ཕྱིར་ལོག་གནང་ཡོད་པ་རེད།
    ས་གནས་དེ་གའི་དུས་ཚོད་ཚེས་13ཉིན་གྱི་ཉིན་གུང་ཞི་ཅིན་ཕིང་གིས་ཀ་ཏ་མན་རྡུ་ནས་རང་རྒྱལ་དུ་ཕྱིར་ལོག་གནང་བ་རེད། ནེ་པ་ལའི་མང་ཚོགས་ཁྲི་ཚོ་དུ་མས་གནམ་ཐང་དུ་འགྲོ་སའི་གཞུང་ལམ་གཡས་གཡོན་གཉིས་སུ་ཡོང་ནས། ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱེད་པ་དང་ལ་ལས་ཞི་ཅིན་ཕིང་དང་ཙུང་ཐུང་པན་ཏ་ལིའི་སྐུ་པར་དང་"ཀྲུང་གོ་དང་ནེ་པ་ལའི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་སྦྱར་ཡིག་མཐོན་པོར་བསྒྲེངས་བ། ལ་ལས་ནེ་པ་ལའི་མི་རིགས་ཀྱི་རོལ་དབྱངས་དཀྲོལ་བ་དང་།  ལ་ལས་རྔ་རྡུང་གར་འཁྲབ་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་ཞུ་ལུགས་མཚོན་པར་བྱས་པ་རེད།

  
style="display:none;"