མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཀྲུང་གོ་ཉིན་རེའི་ཚགས་པར་ བཏོན་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་
ཞུས་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་29ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    དངོས་ཡོད་དང་། འབུར་དུ་ཐོན་པ། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་ངོ་སྤྲོད་དེ་བས་ལེགས་པ་བྱས་ཏེ་ཀྲུང་གོ་དང་འཛམ་གླིང་སྤེལ་རེས་དང་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ།
རྟེན་འབྲེལ་འཕྲིན་ཡིག
    ཀྲུང་གོ་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་40འཁོར་བའི་མཚམས་སུ། ངས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཚགས་པར་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཡོངས་དང་། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན། མཛའ་གྲོགས་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
    ལོ་ངོ་40ཡི་རིང་། ཀྲུང་གོ་ཉིན་རེའི་ཚགས་པར་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཐོག ཀྲུང་གོའི་སྒྱུར་བཅོས་འཕེལ་རྒྱས་དྲིལ་བསྒྲགས་དང་ངོ་སྤྲོད་ཧུར་ཐག་བྱས་ནས། ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་ཀྲུང་གོའི་འདོད་ཚུལ་བརྒྱུད་སྤེལ་བྱེད་པར་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་ཉིན་རེའི་ཚགས་པར་གྱིས་ཚགས་པར་བཏོན་ནས་ལོ་ངོ་40འཁོར་བ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས། ཀྲུང་ཕྱི་འབྲེལ་མཐུད་དང་འཛམ་གླིང་དང་སྤེལ་རེས་ཀྱི་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ཏེ་སྤྱི་ཡོངས་དང་དུས་བབ་ཁོང་དུ་ཆུད་པ་བྱེད་པ་དང་། ཕྱི་ཕྱོགས་ལ་སྐད་ཆ་ཤོད་པའི་མ་ལག་གསར་གཏོད་བྱེད་པ། ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་སྤེལ་བཀོད་པ་བསྐྲུན་པ། བྱང་ཚད་མཐོ་བའི་དཔུང་ཁག་འཛུགས་སྐྱོང་བྱེད་པ། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། འཕེལ་རྒྱས་ཀྱི་ལམ་བུ། འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་དེ་བས་ལེགས་པའི་སྒོ་ནས་ངོ་སྤྲོད་བྱེད་པ། དངོས་ཡོད་དང་། འབུར་དུ་ཐོན་པ། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་ངོ་སྤྲོད་དེ་བས་ལེགས་པ་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་གི་སྤེལ་རེས་དང་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས།
   ཞི་ཅིན་ཕིང་།
   2021ལོའི་ཟླ་5ཚེས་27ཉིན།
    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་27ཉིན་འབྱོར་བའི་གློག་འཕྲིན)
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་40འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཚགས་པར་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཡོངས་དང་། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན། མཛའ་གྲོགས་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
    ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་ངོ་40ཡི་རིང་། ཀྲུང་གོ་ཉིན་རེའི་ཚགས་པར་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཐོག ཀྲུང་གོའི་སྒྱུར་བཅོས་འཕེལ་རྒྱས་དྲིལ་བསྒྲགས་དང་ངོ་སྤྲོད་ཧུར་ཐག་བྱས་ནས། ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་ཀྲུང་གོའི་འདོད་ཚུལ་བརྒྱུད་སྤེལ་བྱེད་པར་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བསྟན་གནང་ཡོད།
    ཞི་ཅིན་ཕིང་གིས་ཀྲུང་གོ་ཉིན་རེའི་ཚགས་པར་གྱིས་ཚགས་པར་བཏོན་ནས་ལོ་ངོ་40འཁོར་བ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས། ཀྲུང་ཕྱི་འབྲེལ་མཐུད་དང་འཛམ་གླིང་དང་སྤེལ་རེས་ཀྱི་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ཏེ། སྤྱི་ཡོངས་དང་དུས་བབ་ཁོང་དུ་ཆུད་པ་བྱེད་པ་དང་། ཕྱི་ཕྱོགས་ལ་སྐད་ཆ་ཤོད་པའི་མ་ལག་གསར་གཏོད་བྱེད་པ། ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་སྤེལ་བཀོད་པ་བསྐྲུན་པ། བྱང་ཚད་མཐོ་བའི་དཔུང་ཁག་འཛུགས་སྐྱོང་བྱེད་པ། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། འཕེལ་རྒྱས་ཀྱི་ལམ་བུ། འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་དེ་བས་ལེགས་པའི་སྒོ་ནས་ངོ་སྤྲོད་བྱེད་པ། དངོས་ཡོད་དང་། འབུར་དུ་ཐོན་པ། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་ངོ་སྤྲོད་དེ་བས་ལེགས་པ་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་གི་སྤེལ་རེས་དང་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཐུགས་རེ་གནང་ཡོད། (རྟེན་འབྲེལ་འཕྲིན་ཡིག་གི་ནང་དོན་ཆ་ཚང་ཟུར་དུ་འགོད་རྒྱུ)
    ཀྲུང་གོ་ཉིན་རེའི་ཚགས་པར་སྤྱི་ལོ་1981ལོའི་ཟླ་6ཚེས་1ཉིན་བཏོན་པ་དང་། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱེད་པའི་རྒྱལ་ཁབ་རིམ་པའི་དབྱིན་ཡིག་གི་ཉིན་རེའི་ཚགས་པར་ཐོག་མ་དེ་རེད། ལོ་ངོ་40ཡི་འཕེལ་རྒྱས་བརྒྱུད། གོ་ལ་ཅན་དང་། ལྟ་ཀློག་རིགས་དབྱེ། སྐད་རིགས་མང་བ། ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་སྤེལ་མ་ལག་བཅས་ཆགས་ཡོད་ཅིང་། ཚགས་པར་འགྲེམས་སྤེལ་བྱེད་ཚད་ཁྲི་70ཙམ་ཟིན་པ། ཀུན་འདུས་སྨྱན་སྦྱོར་སྤྱོད་མཁན་མི་གྲངས་དུང་ཕྱུར་3.5ལྷག་ཙམ་ཡོད་པ་རེད།

  
style="display:none;"