མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་ཐན་ཝུན་ཞུང་ལ་རི་པིན་གྱི་དབུ་བཞུགས་བློན་ཆེན་
ཟུར་པ་ཨན་པེ་ཅིན་སན་གྲོངས་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་11ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ལི་ཁེ་ཆང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་ཐན་ཝུན་ཞུང་ལ་མྱ་ངན་གློག་འཕྲིན་བཏང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་ཐན་ཝུན་ཞུང་ལ་རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན་གྲོངས་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་པ་དང་འབྲེལ་ཁོང་མི་སྒེར་གྱི་མིང་ཐོག་ནས་དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན་སྟབས་མི་ལེགས་པར་གྲོངས་པར་སེམས་གཏིང་ནས་མྱ་ངན་ཞུས་པ་དང་དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན་གྱི་ནང་མིར་སེམས་གསོའི་འཚམས་འདྲི་ཞུས་པ་རེད།
    ཞི་ཅིན་ཕིང་གིས་དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན་གྱིས་འགན་འཁྲི་འཁུར་རིང་ཀྲུང་རིའི་འབྲེལ་བ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་ནས་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ང་དང་ཁོང་དབར་དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཀྲུང་རིའི་འབྲེལ་བ་འཛུགས་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ཁོང་གློ་བུར་དུ་གྲོངས་པར་ང་བློ་ཕམ་ཆེན་པོ་བྱུང་། ངས་སྐུ་ཞབས་དབུ་བཞུགས་བློན་ཆེན་དང་མཉམ་དུ་ཀྲུང་གོ་དང་རི་པིན་གྱི་ཆབ་སྲིད་ཡིག་ཆ་བཞིའི་གཏན་འབེབས་ཀྱི་རྩ་དོན་ཁག་ལ་གཞིགས་ཏེ་ཀྲུང་གོ་དང་རི་པིན་གྱི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་མུ་མཐུད་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    དེ་ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་དགེ་རྒན་ཆེ་མོ་བ་ཕེང་ལི་ཡོན་གྱིས་དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན་གྱི་སྐུ་ཟླ་ཨན་པེ་ཀྲའོ་ཧུའེ་ལ་མྱ་ངན་གློག་འཕྲིན་བཏང་ནས་མྱ་ངན་དང་འཚམས་འདྲི་ཞུས་པ་རེད།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་ཐན་ཝུན་ཞུང་ལ་རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན་གློ་བུར་དུ་སྟབས་མི་ལེགས་པར་གྲོངས་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ་སེམས་གཏིང་ནས་མྱ་ངན་ཞུས་པ་རེད།
    ལི་ཁེ་ཆང་གིས་དབུ་བཞུགས་བློན་ཆེན་ཟུར་པ་ཨན་པེ་ཅིན་སན་གྱིས་ཀྲུང་རིའི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་མྱོང་ཡོད། ང་དང་ཁོང་ཐུག་འཕྲད་ཐེངས་མང་བྱས་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་སྤེལ་རེས་བྱས་ཡོད། ངས་དབུ་བཞུགས་བློན་ཆེན་ཨན་ཐན་དང་འབྲེལ་གཏུག་དང་གླེང་མོལ་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 

  
style="display:none;"