མི་དམངས་དྲ་བ།>>ཞིས་ཅིན་ཕིང་།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཏང་ཨུའི་ཧྲུའུ་ཅི་ཞིབ་འཇུག་ཟབ་སྦྱོང་
འཛིན་གྲྭའི་སློབ་མ་ཚོ་དང་བཞུགས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་13ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཏང་ཨུའི་ཧྲུའུ་ཅི་ཞིབ་འཇུག་ཟབ་སྦྱོང་
འཛིན་གྲྭའི་སློབ་མ་ཚོ་དང་བཞུགས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་12ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་དུས་དང་པོའི་རྫོང་ཏང་ཨུའི་ཧྲུའུ་ཅི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་ཚོ་དང་བཞུགས་མོལ་གནང་སྐབས་ནན་བཤད་གནང་དོན། རྫོང་རིམ་པའི་སྲིད་དབང་གིས་ཁུར་བའི་འགན་འཁྲི་ཉིན་རེ་ལས་ཉིན་རེར་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་པོ་བཅས་བྱེད་པའི་བྱ་རིམ་ནང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། བློ་མཐུན་ཅའོ་ཡུས་ལུའུ་ཡིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་ཕུལ་བྱུང་དང་རྫོང་ཏང་ཨུའི་ཧྲུའུ་ཅི་ཕུལ་བྱུང་ཞིག་གི་འོད་སྟོང་འབར་བའི་གཟུགས་བརྙན་མཚོན་པར་གནང་བ་རེད། རྫོང་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་བ་ཡིན་ན་ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཏང་ཨུའི་ཧྲུའུ་ཅི་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སེམས་ནང་ཏང་འཆང་བ་དང་། སེམས་ནང་མི་དམངས་འཆང་བ། སེམས་ནང་འགན་འཁྲི་འཆང་བ། སེམས་ནང་དོགས་ཟོན་འཆང་བ་བཅས་བྱ་དགོས། ཏང་ལ་ལྷག་བསམ་རྣམ་དག་བྱ་དགོས་པ་ནི་རྫོང་ཏང་ཨུའི་ཧྲུའུ་ཅིའི་ཚད་གཞི་གལ་ཆེན་ཞིག་ཡིན། རྫོང་རིམ་པའི་གཡུལ་ས་དེ་ནི་ངེས་པར་དུ་སེམས་ནང་ཏང་འཆང་བ་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱིས་བརྟན་སྲུང་བྱ་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་བཟུང་བ་དང་རྩ་འཛུགས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ནི་ཏང་གི་མི་ཡིན་བསམས་པ་དང་། དུས་དང་རྣམ་པ་ཀུན་ཏུ་རང་གིས་ཏང་གི་དོན་དུ་འཁུར་བའི་འོས་འགན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་རྩ་འཛུགས་ལ་ཡིད་ཆེས་དང་། རྩ་འཛུགས་ལ་རྒྱབ་རྟེན། རྩ་འཛུགས་ཀྱི་ཅི་གསུང་བཀའ་སྒྲུབ་བཅས་བྱས་ཏེ་རང་རྟོགས་ཀྱིས་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་བྱ་དགོས།
         ཞིས་ཅིན་ཕིང་གིས་ད་དུང་རྫོང་ཏང་ཨུ་ནི་ང་ཚོའི་ཏང་གིས་སྲིད་སྐྱོང་རྒྱལ་དར་བྱེད་པའི“མདུན་སའི་བཀོད་འདོམས་པུའུ”ཡིན་པ་དང་། རྫོང་ཏང་ཨུའི་ཧྲུའུ་ཅི་ནི“མདུན་སའི་སྤྱི་ཁྱབ་བཀོད་འདོམས་པ”རེད། ང་ཚོའི་ཏང་གི་རྩ་འཛུགས་སྒྲིག་གཞི་དང་རྒྱལ་ཁབ་ཀྱི་སྲིད་དབང་སྒྲིག་གཞིའི་ནང་རྫོང་རིམ་པ་དེ་ཉིད་གོང་མཐུད་འོག་འདྲེན་བྱ་རྒྱུའི་གནད་འགག་ཆེ་བའི་ལྷུ་ཚིགས་སུ་གནས་ཡོད་པས། དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། དམངས་འཚོར་འགན་སྲུང་བྱེད་པ། བརྟན་ལྷིང་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་ཞེས་ནན་བཤད་ཀྱང་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིའུ་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་གནང་བ་རེད།