མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་མ་ཏུའུ་ལུའོ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་08ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་མ་ཏུའུ་ལུའོ་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་མ་ཏུའུ་ལུའོ་ལ་མཇལ་འཕྲད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ན་ནིང་ང་ཚོས་མཉམ་དུ་ཀྲུང་ཝེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་ཏེ་ཀྲུང་ཝེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ལེ་ཚན་གསར་པ་རྩོམ་འགོ་བརྩམས་ཤིང་། རྒྱལ་ཁབ་གཉིས་བར་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་ལས་ཇེ་བརྟན་དུ་སོང་བ་དང་ཕན་ཚུན་གཉིས་ཕན་དང་མཛའ་མཐུན་མཉམ་ལས་བྱེད་པའི་ཐད་སྐྱེ་སྟོབས་གསར་པ་ཐོན་པ་རེད། དུས་རིམ་ཕྱི་མར་ང་ཚོས་ཕྱོགས་གཉིས་བར་གྱི་འབྲེལ་བ་སྔར་ལས་ཆུ་ཚད་མཐོ་བ་དང་། སྔར་ལས་ཁྱབ་ཁོངས་ཆེ་བ། སྔར་ལས་རིམ་པ་ཟབ་པ་བཅས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལའི་ཕྱོགས་ཀྱིས་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་ཐོན་སྐྱེད་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཛུགས་པ་མངོན་འགྱུར་བྱ་ཕྱིར་འབད་བརྩོན་ཆེན་པོ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བསྟན་པ་རེད།
         མ་ཏུའུ་ལུའོ་ཡིས་ཀྲུང་གོ་ནི་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་གྲོགས་པོ་བཟང་བོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གཉིས་ཕན་དང་ཐུན་མོང་དུ་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག་མཉམ་ལས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བས། ཝེ་ནེ་ཙུའེ་ལར་ལོ་གསར་པའི་ཚོད་བགམ་མདུན་དུ་བསུ་བའི་དཔའ་སྟོབས་དང་ནུས་སྟོབས་སྔར་ལས་ཆེ་བ་ལྡན་པར་གྱུར་ཡོད། ཝེ་ནེ་ཙུའེ་ལའི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་ཕྱོགས་དང་རྒྱལ་སྤྱིའི་ལས་དོན་ཐོག་མཐུན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།