མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཁ་དན་དང་ལེན་ཞུས་པ་ལྟར་ཀེ་རི་སེ་རྒྱལ་ཁབ་ཀྱི་ཙུང་ལིའི་འགན་གསར་དུ་
བཞེས་པའི་ཆི་ཕུ་ལ་སི་དང་ཞལ་པར་བསྐྱོན་ནས་གླེང་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་13ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་11ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁ་དན་དང་ལེན་ཞུས་པ་ལྟར་ཀེ་རི་སེ་རྒྱལ་ཁབ་ཀྱི་ཙུང་ལིའི་འགན་གསར་དུ་བཞེས་པའི་ཆི་ཕུ་ལ་སི་དང་ཞལ་པར་བསྐྱོན་ནས་གླེང་མོལ་གནང་བ་རེད།
         ལི་ཁེ་ཆང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཀེ་རི་སེ་རྒྱལ་ཁབ་བར་གྱི་སྲོལ་རྒྱུན་མཛའ་བཤེས་དང་དངོས་དོན་གཉེར་བའི་མཉམ་ལས་བྱེད་རྒྱ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བར་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཕན་ཚུན་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པ་དང་གཉིས་ཕན་མཉམ་རྒྱལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཆི་ཕུ་ལ་སི་ཡིས་ཀེ་རི་སེ་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཀྲུང་གོའི་བར་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཀྲུང་གོས་ཀེ་རི་སེ་རྒྱལ་ཁབ་ལ་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞིང་། ཀེ་རི་སེ་རྒྱལ་ཁབ་ཀྱི་སྲིད་གཞུང་གསར་པས་ཕྱོགས་གཉིས་བར་ད་ཡོད་ཀྱི་མཉམ་ལས་རྣམ་གྲངས་ཀྱི་ངོ་བོ་སྒྱུར་མི་སྲིད་པར། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སྔར་ལས་ལྷག་པར་གཏོང་རྒྱུའི་གདེང་ཚོད་ཡོད་ཅེས་གསུངས་པ་རེད།