འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།"ཁྲིམས་སྐྱོང་དྲིལ་བསྒྲགས་པ་ཆུང་ཆུང"གིས་སློབ་འབྲིང་སློབ་ཚན་ཐོག་ཁྲིམས་ལུགས་
    དྲིལ་བསྒྲགས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་19ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'ཁྲིམས་སྐྱོང་དྲིལ་བསྒྲགས་པ་ཆུང་ཆུང'གིས་སློབ་འབྲིང་སློབ་ཚན་ཐོག་ཁྲིམས་ལུགས་
དྲིལ་བསྒྲགས་བྱེད་པ།
         མི་དམངས་དྲ་བའི་འཕྲིན། འདི་ལོ་ཤར་ཚུན་ཧོ་པེ་ཞིང་ཆེན་ཧེང་ཧྲུའེ་གྲོང་ཁྱེར་ཝུའུ་ཆང་རྫོང་གིས“གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོ་སློབ་གྲྭར་སྤེལ་བའི”བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ནས་རྫོང་ཞིབ་དཔྱོད་ཁང་གི་ལས་དོན་པ་སྒྲིག་འཛུགས་ཀྱིས་སློབ་གྲྭར་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱས་ཏེ་རྫོང་ཡོངས་ཀྱི་སློབ་འབྲིང་ནས“ཁྲིམས་སྐྱོང་དྲིལ་བསྒྲགས་པ་ཆུང་ཆུང”60བདམས་ཡོད། དྲིལ་བསྒྲགས་པས་སློབ་གྲོགས་ཚོ་དང་མཉམ་དུ་ལག་བྲིས་ཁྲིམས་སྐྱོང་ཚགས་པར་གཉེར་བ་དང་། ཁྲིམས་ལུགས་ཁྱབ་གདལ་དང་སྔོན་འགོག་འགྲེམས་སྟོན་ལྟ་བ། སློབ་གྲོགས་གཞན་ལ་ཁྲིམས་ལུགས་རྒྱུན་ཤེས་གསལ་འགྲེལ་རྒྱག་པ་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས་པས་རྫོང་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅིང་། འདི་ནི་ཟླ་5ཚེས་15ཉིན་ཝུའུ་ཆང་རྫོང་ཚོད་ལྟའི་སློབ་འབྲིང་གཉིས་པའི“ཁྲིམས་སྐྱོང་དྲིལ་བསྒྲགས་པ་ཆུང་ཆུང”གིས་སློབ་གྲོགས་ཚོར་ཁྲིམས་ལུགས་རྒྱུན་ཤེས་གསལ་འགྲེལ་རྒྱག་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།