འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

    ༄༅།།རང་རྒྱལ་གྱི་ཚན་རྩལ་ཤེས་ལྡན་པར་གདེང་འཇོག་བྱེད་ཐབས་ལེགས་སུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྣམ་གྲངས་ལ་དཔྱད་བཤེར་དང་། ཤེས་ལྡན་མི་སྣར་གདེང་འཇོག སྒྲིག་གཞིའི་ཚོད་སྐོར་བཅས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་ནས་ཞིབ་ཕྲའི་བྱ་ཐབས་མང་པོ་བཏོན་ཏེ་ཚན་རྩལ་ཤེས་ལྡན་མི་སྣར་གདེང་འཇོག་བྱ་ཐབས་ལེགས་སུ་གཏོང་རྒྱུ་རེད།
            ཚན་རྩལ་ཤེས་ལྡན་མི་སྣ་སྤྱི་འདོམས་བྱེད་པའི་འཆར་འགོད་ཐད་བསམ་འཆར་ནང་བསྟན་དོན། སྡེ་ཚན་དང་ས་གནས་དབར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཤེས་ལྡན་མི་སྣའི་རྣམ་གྲངས་རེ་ཞུ་ཞིབ་བཤེར་དང་ཐག་གཅོད་ལམ་སྲོལ་བཙུགས་ཏེ་ཤེས་ལྡན་མི་སྣའི་རེ་ཞུ་བྱེད་པར་སྒྲིག་འགལ་བྱ་སྤྱོད་ཐོན་རྒྱུར་སྔོན་འགོག་བྱེད་པ་དང་། རིགས་འདྲ་བའི་ཤེས་ལྡན་མི་སྣའི་རྣམ་གྲངས་མང་པོས་དུས་གཅིག་ཏུ་ཤེས་ལྡན་མི་སྣ་གཅིག་ལ་རྒྱབ་སྐྱོར་བྱེད་རྒྱུ་བཀག་འགོག་བྱེད་དགོས་པ་དེ་རེད།
             ཚན་རིག་དང་མཐུན་པའི་སྒོ་ནས་ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི་སྟོན་རྟགས་འཛུགས་པའི་ཐད་བསམ་འཆར་ནང་བསྟན་དོན། མི་སྒེར་གྱི་གདེང་འཇོག་དང་དཔུང་ཁག་གི་གདེང་འཇོག་ཕན་ཚུན་ཟུང་འབྲེལ་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་དཔུང་ཁག་ནང་གི་ཞུགས་མཁན་ཚང་མའི་དངོས་ཡོད་ལེགས་སྐྱེས་ལ་བརྩི་འཇོག་དང་ཁས་ལེན་བྱེད་དགོས། ཕྱི་རྒྱལ་གྱི་ཤེས་ལྡན་པ་ནང་འདྲེན་བྱས་ནས་དེའི་ཕྱི་རྒྱལ་གྱི་སློབ་གསོ་དང་ཚན་ཞིབ་ཀྱི་ཉམས་མྱོང་ལ་བརྟག་དཔྱད་ར་སྤྲོད་བྱེད་དགོས་པ་ལས་སློབ་གསོ་དང་ལས་ཀའི་རྒྱབ་ལྗོངས་དེ་ཚན་ཞིབ་ཀྱི་ཆུ་ཚད་དུ་སྟབས་བདེའི་སྒོ་ནས་བརྩི་མི་རུང་། རྒྱལ་སྲུང་འདུ་བཀོད་གལ་ཆེན་གྱི་ལས་འགན་འཁུར་བའི་ཤེས་ལྡན་མི་སྣར་དམིགས་སའི་རང་བཞིན་གྱི་གདེང་འཇོག་བྱ་ཐབས་སྤྱད་དེ་རྒྱལ་སྲུང་གི་ཚན་རྩལ་གསང་བ་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པར་དམིགས་བསལ་གྱི་ཐབས་ལམ་སྤྱོད་རྒྱུ་བཅས་རེད།
            བསམ་འཆར་ནང་བླང་བྱ་བཏོན་དོན། ཡང་དག་པའི་རིན་ཐང་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཤེས་ལྡན་མི་སྣའི་གཟི་བརྗིད་ལྡན་པའི་མཚན་སྙན་དེ་རྒྱལ་ཁབ་ཀྱི་ཚན་རྩལ་འཆར་འགོད་རྣམ་གྲངས་ཁག་འགན་འཁུར་བ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་དང་། ལས་ཀའི་གོ་མིང་ཞིབ་དཔྱད་གཏན་འཁེལ། ལས་གནས་གདན་ཞུ། གླ་ཕོགས་དང་ཐོབ་ཐང་བཅས་གཏན་འཁེལ་བྱེད་པའི་ཚོད་འཛིན་རང་བཞིན་གྱི་ཆ་རྐྱེན་ཞིག་ཏུ་བརྩི་མི་རུང་བ་དེ་རེད།
            བསམ་འཆར་ནང་མི་སྤྱོད་ཚན་པས་ཤེས་ལྡན་པར་གདེང་འཇོག་བྱེད་པའི་བྱེད་པོའི་གནས་བབ་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་གོ་མིང་གི་ཞིབ་དཔྱད་དབང་ཚད་གཤམ་སྤྲོད་ཀྱི་སྒྱུར་བཅོས་བྱ་ཐབས་དོན་འཁྱོལ་བྱས་ཏེ་ཆ་རྐྱེན་དང་འཚམ་པའི་མཐོ་སློབ་དང་། ཚན་ཞིབ་ཁང་། སྨན་ཁང་། ཁེ་ལས་ཆེ་གྲས་སོགས་ཀྱི་ཚན་པས་རང་བདག་ངང་ལས་ཀའི་གོ་མིང་ཞིབ་དཔྱད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། རིག་གཞུང་དང་ཤེས་ལྡན་མི་སྣའི་གོ་མིང་ལ་བརྟེན་ནས་གླ་ཕོགས་དང་ཐོབ་ཐང་དང་། རིག་གཞུང་གི་ཐོན་ཁུངས་བཀོད་སྒྲིག་བཅས་སྟབས་བདེའི་སྒོ་ནས་གཏན་འཁེལ་བྱེད་མི་རུང་བ་གསལ་པོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།