མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་གྲོང་ཁྱེར་ཆེན་པོ་བཅོས་སྐྱོང་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་པར་གསུངས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་04ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་གྲོང་ཁྱེར་ཆེན་པོ་བཅོས་སྐྱོང་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་པར་གསུངས།

    མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་སུ། ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་འཕེལ་ཕྱོགས་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱེད་པ། བཅོས་སྒྱུར་སྒོ་དབྱེའི་གོམ་འགྲོས་མགྱོགས་སུ་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་པོར་གཏོང་བ། འགག་སྒྲོལ་ཆེན་པོ་གསུམ་གྱི་ནུས་པར་སྐུལ་འདེད་ཇེ་ཆེ་གཏོང་བ།  འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གཞི་གཅིག་ཅན་འཕེལ་རྒྱས་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁའི་འགྲན་སློང་འདྲ་མིན་ལ་ཁ་གཏད་འཇལ་རྒྱུ་འོས་འཚམ་བྱེད་པ། འོས་འགན་ལྕི་ཤོས་ཀྱི་ལས་ཀ་འཁུར་ཕོད་པ་དང་། རུས་པ་མཁྲེགས་ཤོས་འཐོག་ཕོད་པ་ཡིས་གྲོང་ཁྱེར་གྱི་ནུས་རིམ་དང་རྐང་འཛིན་འགྲན་རྩོད་བྱེད་ནུས་ཇེ་མཐོར་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོའི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས་པའི་ནན་བཤད་གནང་། 
    ཟླ་11ཚེས་2ཉིན་ནས་ཚེས་3ཉིན་བར། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཧྲང་ཧའེ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཆང་། གྲོང་ཁྱེར་འགོ་འཛིན་དབྱིང་ཡོང་བཅས་ཀྱིས་ཕེབས་རོགས་འོག ཧྲང་ཧའེ་དབྱང་ཕུའུ་པིང་ཅང་དང་། གུའུ་པེ་གཞིས་ཁུལ་དུ་ཕེབས་ནས། ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་དང་། གྲོང་ཁྱེར་གྱི་སྤྱི་པའི་བར་སྟོང་འཆར་འགོད་འཛུགས་སྐྲུན། སྡོད་ཁུལ་བཅོས་སྐྱོང་དང་ཞབས་ཞུ་སོགས་ཀྱི་ཐད་ནས་རྟོག་ཞིབ་གནང་ཞིང་། གཞི་རིམ་ལས་བྱེད་མང་ཚོགས་དང་མཛའ་བརྩེ་ལྡན་པའི་ངང་བགྲོ་གླེང་གནང་། 
     ཚེས་2ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་དབྱང་པུའུ་ཆུས་པིང་ཅང་སྤྱི་པའི་བར་སྟོང་དང་དབྱང་ཧྲུའུ་ཕུའུ་ཧྲུའུ་ཁྲང་པིང་ཅང་ཆུ་དུམ་དུ་ཕེབས་ནས། བརྙན་དང་སྨྱན་མང་གཟུགས་ཟུང་འབྲེལ་གྱིས་སྤྱད་དེ་ཧོང་ཕུའུ་ཅང་འགྲམ་ངོགས་གཉིས་ཀྱི་ལྟེ་བའི་ཆུས་ཀྱི་སྤྱི་ལེ་45ཡི་སྤྱི་པའི་བར་སྟོང་གི་ལས་གྲྭའི་གཞི་རྩའི་གནས་ཚུལ་དང་དབྱང་ཕུའུ་པིང་ཅང་སྤྱི་པའི་བར་སྟོང་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུ་ལ་གསན་ཡོད་པ་དང་། ཞི་ཅིང་ཕིང་གིས་བསྟན་དོན། རིག་གནས་ནི་གྲོང་ཁྱེར་གྱི་བླ་སྲོག་ཡིན་པ་དང་། གྲོང་ཁྱེར་རིག་གནས་ཤུལ་ལུས་ནི་སྔོན་བྱོན་མིའི་བློ་གྲོས་ཀྱིས་བསགས་པ་རེད་ལ། གྲོང་ཁྱེར་གྱི་ནང་དོན་དང་སྤུས་ཀ། ཁྱད་ཆོས་ཀྱི་མཚོན་རྟགས་གལ་ཆེ་དེའང་རེད། གང་དེ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱ་དགོས་ལ། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་རྒྱུན་སྐྱོང་བྱ་རྒྱུ་གལ་ཆེར་འཛིན་དགོས་པ་སྟེ། “མི་རྒན་པ་”ལ་བརྩི་བཀུར་བྱེད་པ་ནང་བཞིན་གྲོང་ཁྱེར་གྱི་གནའ་བོའི་འཛུགས་སྐྲུན་ལ་སྲུང་སྐྱོང་བྱས་ཏེ། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་དྲན་ཤེས་ཉར་བ་དང་། མི་རྣམས་ལ་ལོ་རྒྱུས་དྲན་དུ་འཇུག་པ་དང་ཕ་ཡུལ་གྱི་དྲན་གདུང་སེམས་སུ་ཉར་བཅུག་ནས། རིག་གནས་ཀྱི་ཡིད་ཆེས་བརྟན་པོ་བཟོ་བ་དང་ཁྱིམ་དར་རྒྱལ་སྐྱོང་གི་སེམས་ཤུགས་ཇེ་དྲག་ཏུ་གཏོང་དགོས།

༄༅།།ཞི་ཅིན་ཕིང་གིས་གྲོང་ཁྱེར་ཆེན་པོ་བཅོས་སྐྱོང་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་པར་གསུངས།

  
style="display:none;"