མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།པར་ཙེར་གྱི་ལི་གཡོད་རེ་ནེ་ལུའུ་ཀྲོའུ་རུ་དྲག་ཆར་གྱི་གནོད་འཚེ་ཕོག་པར་ཞི་ཅིན་ཕིང་གིས་པར་ཙེར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 02ཚེས་20ཉིན། 11:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙེར་དུ་དྲག་ཆར་གྱི་གནོད་འཚེ་ཕོག་ནས་མི་སྣ་འཆི་རྨས་ཚབས་ཆེན་བྱུང་བར་པར་ཙེར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
     ཞི་ཅིན་ཕིང་གིས། པར་ཙེར་གྱི་ལི་གཡོད་རེ་ནེ་ལུའུ་ཀྲོའུ་རུ་དྲག་ཆར་གྱི་གནོད་འཚེ་ཚབས་ཆེན་ཕོག་ནས་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཆེན་པོ་ཕོག་པ་ཤེས་རྟོཌ་བྱུང་། ངས་རྐྱེན་ལམ་དུ་ཤོར་བའི་མིར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་མི་དང་། གར་སོང་ཆ་མེད་དུ་སོང་བའི་མིའི་ནང་མི། གེགས་ཁུལ་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ལ། རྨས་མ་སྔ་ཙམ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"