མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“དམག་དཔུང་སྟོབས་ཆེའི་སྣེ་ཁྲིད་ནས་བསྐྱར་དར་ཕྱོགས་སུ་སྐྱོད། དུས་རབས་གསར་པའི་རྒྱལ་སྲུང་
དང་དམག་དཔུང་འཛུགས་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན”ལ་གཟིགས་སྐོར་གནང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་30ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་7ཚེས་27ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས“དམག་དཔུང་སྟོབས་ཆེའི་སྣེ་ཁྲིད་ནས་བསྐྱར་དར་ཕྱོགས་སུ་སྐྱོད། དུས་རབས་གསར་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན”ལ་གཟིགས་སྐོར་གནང་བ།

ཟླ་7ཚེས་27ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས“དམག་དཔུང་སྟོབས་ཆེའི་སྣེ་ཁྲིད་ནས་བསྐྱར་དར་ཕྱོགས་སུ་སྐྱོད། དུས་རབས་གསར་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན”ལ་གཟིགས་སྐོར་གནང་བ།

   ཞི་ཅིན་ཕིང་གིས“དམག་དཔུང་སྟོབས་ཆེའི་སྣེ་ཁྲིད་ནས་བསྐྱར་དར་ཕྱོགས་སུ་སྐྱོད། དུས་རབས་གསར་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན”ལ་གཟིགས་སྐོར་གནང་སྐབས། ཡང་འབད་བསྐྱར་འབད་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་སྤྱད་སྙིང་རུས་བཅས་བྱས་ཏེ་དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་27ཉིན་ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས“དམག་དཔུང་སྟོབས་ཆེའི་སྣེ་ཁྲིད་ནས་བསྐྱར་དར་ཕྱོགས་སུ་སྐྱོད། དུས་རབས་གསར་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན”ལ་གཟིགས་སྐོར་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་དམིགས་ཏེ་དམག་ཡོངས་ལ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད། དཔའ་བོའི་མི་དམངས་དམག་དཔུང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེའི་ལམ་བུའི་ཐོག་དུས་རབས་ཀྱི་ལེའུ་གསར་པ་མུ་མཐུད་བརྩམས་ནས་དུས་རབས་ཀྱི་ཉམས་འགྱུར་གསར་པ་མངོན་ཡོད་ཅེས་ནན་བཤད་གནང་བ་རེད།
    ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་30ཡོལ་ཙམ་ལ། ཞི་ཅིན་ཕིང་ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་དུ་ཕེབས་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།
   འགྲེམས་སྟོན་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ལག་ལེན་རླབས་པོ་ཆེར་དམིགས་ནས། འགྲེམས་ཁུལ་ཁག་8བཀོད་སྒྲིག་བྱས་པའི་ནང“དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དམིགས་ཚད”དང་། “གྲ་སྒྲིག་ཨང་བསར་བྱས་ནས་སླར་ཡང་རྡོག་ཐོན་བྱེད” “གོ་མཚོན་ཧྲག་པོར་བརྟེན་ནས་རྩེར་སོན་ཕྱོགས་སུ་སྐྱོད”“རི་ཀླུང་བཟང་པོའི་ས་ཆ་སྦར་མཐིལ་ཙམ་ཡང་མི་ཤོར་བར་བྱེད”“ངའི་མི་དམངས་དང་དམག་དཔུང་ལ་དགའ” “དམག་དཔུང་རིགས་གསུམ་ལ་བརྩེ་སེམས་ཟབ་མོ་བཅངས་ནས་རྒྱང་ལམ་གསར་པར་འབད་འབུངས་བྱེད”ཅེས་པ་སོགས་གཙོ་གནད་འགྲེམས་སྟོན་རྣམ་གྲངས་བཙུགས་ནས། རིག་དངོས་དང་དངོས་རྫས་1400ལྷག་ཙམ་དང་། པར་རིས་630ལྷག་ཙམ། གོ་མཚོན་སྒྲིག་ཆས་ཀྱི་དཔེ་དབྱིབས་བརྒྱ་ལྷག་ཙམ། དེ་བཞིན་པར་རིས་དང་། བརྙན་ལམ། སྒྱུ་རྩལ་བརྩམས་ཆོས། མཉམ་འགུལ་རྣམ་གྲངས་སོགས་འབོར་ཆེན་སོགས་ལས། དུས་རབས་གསར་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་བརྗིད་རླབས་ཆེ་བའི་ལོ་རྒྱུས་ལམ་བུ་དང་གྲུབ་འབྲས་རླབས་པོ་ཆེ་གསོན་ཉམས་དོད་པོས་མངོན་པ་དང་མི་དམངས་དམག་དཔུང་གིས་ལྷག་བསམ་རྣམ་དག་ངང་སྲོག་ཤིང་ལ་སྲུང་སྐྱོང་དང་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པའི་དམག་དཔུང་སྟོབས་ཆེའི་རྣམ་པ་གང་ལེགས་མངོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་ཕེབས་མཚམས་ཡང་ཡང་བཞག་ནས་གཟིགས་སྐོར་གནང་བ་དང་། འགྲེལ་བཤད་ནན་ཏན་ངང་གསན་པ་མ་ཟད། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཡང་གནང་བ་རེད།
   ཞི་ཅིན་ཕིང་གིས་གསུངས་དོན། ལོ་5སོང་རྗེས། ང་ཚོས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུ་རྒྱུ་རེད། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་བྱེད་པ་དང་དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་མཛད་ཕྱོགས་ལག་བསྟར་བྱས་ཏེ། ཡང་འབད་བསྐྱར་འབད་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་སྤྱད་སྙིང་རུས་བཅས་བྱས་ནས་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་དང་དམག་དཔུང་སྟོབས་ཆེའི་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་དགོས།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་དང་ཀྲང་ཡིའུ་ཞ། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝུའེ་ཕུང་ཧོ་དང་། ལི་ཙུའོ་ཁྲེང་། མའོ་ཧྭ། ཀྲང་ཧྲེང་མིང་བཅས་ཀྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།

  
style="display:none;"