མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ལེའོ་ཉིང་དུ་རྟོག་ཞིབ་གནང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་20ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་8ཚེས་16དང་ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ལེའོ་ཉིང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཚེས་16ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཅིན་ཀྲོའུ་གྲོང་ཁྱེར་ཏུང་ཧུའུ་ནགས་ཚལ་སྤྱི་གླིང་དུ་ཤའོ་གླེང་གཙང་པོའི་ངོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་སྐབས་སྤྲོ་གསེང་དང་རིག་གནས་བྱེད་སྒོ་སྤེལ་བཞིན་པའི་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

ཟླ་8ཚེས་16དང་ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ལེའོ་ཉིང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཚེས་16ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཅིན་ཀྲོའུ་གྲོང་ཁྱེར་ཏུང་ཧུའུ་ནགས་ཚལ་སྤྱི་གླིང་དུ་ཤའོ་གླེང་གཙང་པོའི་ངོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་སྐབས་སྤྲོ་གསེང་དང་རིག་གནས་བྱེད་སྒོ་སྤེལ་བཞིན་པའི་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

      ཤིན་ཧྭ་གསར་འགྱུར་ཁང་ཧྲེན་དབྱང་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ལེའོ་ཉིང་དུ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་བ།      བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་བྱང་ཤར་དར་རྒྱས་གཏོང་བར་རང་འགན་ཐེག་པ་འཁུར་ལེན་དེ་བས་ཆེ་བ་མངོན་པར་བྱས་ནས་ལེའོ་ཉིང་དར་རྒྱས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད། 
      ཟླ་8ཚེས་16དང་17ཉིན། ཞི་ཅིན་ཕིང་གིས་ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲང་གོ་ཆིང་དང་ཧྲེང་ཀྲང་ལི་ལེ་ཁྲེང་གི་ཕེབས་རོགས་འོག་ཅིན་ཀྲོའུ་དང་ཧྲེན་དབྱང་སོགས་ལ་སྔ་རྗེས་སུ་ཕེབས་ཏེ་གསར་བརྗེའི་དྲན་གསོ་ཁང་དང་། ཆུ་བོ་དང་མཚོ་བཅོས་སྐྱོང་ལས་གྲྭ ཁེ་ལས། སྡེ་ཁུལ་སོགས་སུ་ཕེབས་ནས་བརྟག་ཞིབ་གནང་བ་རེད།  
     ཚེས་16ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཅིན་ཀྲོའུ་གྲོང་ཁྱེར་དུ་དང་ཐོག་ལེའོ་ཧྲེན་གཡུལ་འགྱེད་དྲན་གསོ་ཁང་དུ་རྟོག་ཞིབ་གནང་བ་རེད། ལོ་ངོ་70ལྷག་ཙམ་གྱི་གོང་དུ་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དམག་དཔུང་ལ་བཀོད་འདོམས་བྱས་པས་ལེའོ་ཧྲེན་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་ཡོད། ཞི་ཅིན་ཕིང་གིས་སྔ་རྗེས་སུ་འགོ་ཚུགས་འགྲེམས་ཁང་དང་། དམག་དོན་ལོ་རྒྱུས་ཁང་། གཡུལ་སྐྱོར་ཁང་། སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་བཅས་ལ་གཟིགས་སྐོར་གནང་སྟེ། བྱང་ཤར་བཅིངས་འགྲོལ་དམག་འཁྲུག་གི་ལོ་རྒྱུས་དང་ལེའོ་ཧྲེན་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པའི་འཕེལ་རིམ་ལ་ཕྱིར་དྲན་གནང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་འཐབ་ས་མདུན་མར་རོགས་སྐྱོར་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་དང་རང་སྲོག་བློས་གཏོང་ལ་མི་སྐྲག་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་ལ་ཕྱིར་དྲན་གནང་བ་རེད། ཞི་ཅིན་ཕིང་གིས་ལེའོ་ཧྲེན་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་དེས་བློ་མཐུན་མའོ་ཙེ་ཏུང་སོགས་གསར་བརྗེ་མཁས་ཅན་རྒན་རབས་ཚོའི་ཁྱད་དུ་འཕགས་པའི་འཐབ་ཇུས་ཀྱི་མིག་རྒྱང་དང་འཐབ་ཇུས་ཀྱི་ཇུས་འགོད་གང་ལེགས་མཚོན་གྱི་ཡོད། བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ་རང་རེའི་ཏང་དང་གོ་མིན་ཏང་དབར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་དམག་འཐབ་ཆེན་པོ་དེ་ནི་དམག་ཤུགས་མཚོན་ཆའི་དམག་འཐབ་ཅིག་རེད་ལ། དམངས་སེམས་གཏད་མིན་གྱི་བརྩོན་ལེན་ཞིག་དེ་བས་རེད། ལེའོ་ཧྲེན་གཡུལ་འགྱེད་ཀྱི་རྒྱལ་ཁ་ནི་བྱང་ཤར་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པ་ལས་ཐོབ་པ་ཞིག་དང་། ཧོའེ་ཧའེ་གཡུལ་འགྱེད་ཀྱི་རྒྱལ་ཁ་ནི་མི་སེར་གྱིས་ཐེར་གེ་བཏང་བ་ལས་ཐོབ་པ་ཞིག ཏུའུ་ཅང་གཡུལ་འགྱེད་ཀྱི་རྒྱལ་ཁ་ནི་མི་སེར་ཚོས་གྲུ་ཆུང་བཏང་བ་ལས་ཐོབ་པ་ཞིག་བཅས་རེད། དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པས་བྱ་གཞག་དར་རྒུད་དང་རྒྱལ་ཕམ་ཇི་ཡོང་དེར་ཐུག་ཡོད། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་རུས་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་ཚེ། དཀའ་སྡུག་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་འཕེལ་ཐུབ་ཅེས་བསྟན་གནང་ཞིང་། ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་ནི་ཏང་ཡོན་ཚང་མའི་འོས་འགན་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོར་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དང་རྒྱུན་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩི་རྒྱུའི་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། གསར་བརྗེའི་སྔོན་གཤེགས་དཔའ་བོའི་གཉེན་ཉེའི་འཐུས་མི་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་བྱང་ཤར་མི་དམངས་ཀྱིས་ལེའོ་ཧྲེན་གཡུལ་འགྱེད་ཀྱི་རྒྱལ་ཁ་དང་བྱང་ཤར་བཅིངས་འགྲོལ་ཆེད་བློས་གཏོང་ཆེན་པོ་བྱས་པ་མ་ཟད། ཀྲུང་གོ་གསར་པ་འཛུགས་སྐྲུན་དང་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོའང་ཕུལ་བས་ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། ང་ཚོའི་གསར་བརྗེའི་རྒྱལ་སྲིད་ནི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཁྲི་སྟོང་མང་པོའི་ཁྲག་དྲོན་དང་ཚེ་སྲོག་བློས་གཏོང་ལས་བྱུང་བ་ཞིག་རེད། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན། ང་ཚོས་རྒྱལ་སྲིད་ཀྱི་ངོ་བོ་གཏན་ནས་འགྱུར་དུ་འཇུག་མི་སྲིད་ལ་མི་དམངས་ཀྱིས་ཀྱང་ཁས་གཏན་ནས་ལེན་མི་སྲིད། ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མ་བརྗེད་པ་བྱེད་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ལྷག་ཙམ་རིང་། མི་རབས་ནས་མི་རབས་བར་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། རང་རེའི་རྒྱལ་ཁབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། མི་དམངས་རྣམས་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་འཚོ་བ་སྐྱེལ་རྒྱུ་བྱུང་བ། ཀྲུང་ཧྭ་མི་རིགས་འདི་ཉིད་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་ལངས་ཐུབ་ཡོད། ང་ཚོས་མུ་མཐུད་མདུན་དུ་བསྐྱོད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འབད་བརྩོན་བྱས་ནས་གསར་བརྗེའི་སྔོན་བྱོན་པ་དང་སྔོན་གཤེགས་དཔའ་བོ་རྣམས་ཐུགས་བློ་བདེ་པོ་ཡོང་བར་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། གསར་བརྗེའི་སྔོན་གཤེགས་དཔའ་བོའི་གཉེན་ཉེ་བཅས་ལ་སེམས་ཁུར་བྱས་ཏེ་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོ་ཚེ་མཇུག་བདེ་ལ་རོལ་བ་དང་སྔོན་གཤེགས་དཔའ་བོའི་གཉེན་ཉེ་ཚོས་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས། གསར་བརྗེའི་རྒྱལ་སྲིད་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་རྒྱལ་སྲིད་ཡག་པོ་བསྲུང་རྒྱུ་ནི་འགན་འཁྲི་ཧ་ཅང་ཆེན་པོ་ཞིག་རེད། ཏང་གི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་ཡག་པོ་ཤོད་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་གསར་བརྗེའི་རྒྱལ་སྲིད་ཀྱི་རྒྱུན་འཛིན་པ་ཡོད་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཞིང་། ཞི་ཅིན་ཕིང་གིས་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་ལ་ཚེ་རིང་ནད་མེད་དང་། འཚོ་བ་བདེ་སྐྱིད། བྱ་བ་ལམ་འགྲོ་བཅས་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།
     དེ་རྗེས་ཞི་ཅིན་ཕིང་ཅིན་ཀྲོའུ་ཏུང་ཧུའུ་ནགས་ཚལ་སྤྱི་གླིང་དུ་ཕེབས་ནས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ཉམས་གསོར་ཤུགས་སྣོན་བརྒྱབ་ཚུལ་རྟོག་ཞིབ་གནང་བ་རེད། སྤྱི་གླིང་དེ་ཞའོ་ལིང་གཙང་པོ་དང་ཉུས་ཨར་གཙང་པོ་འབྲེལ་མཚམས་ཀྱི་བྱང་ངོས་སུ་གནས་ཡོད། 2014ལོ་ནས་བཟུང་ཅིན་ཀྲོའུ་གྲོང་ཁྱེར་གྱིས་གཙང་པོ་གཉིས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ་དང་འབྲེལ་གཙང་པོ་རྒྱུག་ཁུལ་དུ་སྤྱི་ལེ་10ལྷག་ཙམ་གྱི་སྔོ་འགྱུར་ཁུལ་བསྐྲུན་པས་གཙང་འགྲམ་ལུས་སྦྱོང་སྤྲོ་གསེང་རྣམ་པའི་སྤྱི་གླིང་ཞིག་ཏུ་གྱུར་ཡོད། ཞི་ཅིན་ཕིང་གིས་ཞའོ་ལིང་གཙང་པོའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་སྐྱེ་ཁམས་ཁོར་ཡུག་ཡག་པོ་ནི་བྱང་ཤར་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་ཆེའི་ཐོན་ཁུངས་ཤིག་རེད་ལ། བྱང་ཤར་དར་རྒྱས་གཏོང་བའི་ལེགས་ཆ་ཞིག་ཀྱང་རེད། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་སྐྱེ་ཁམས་སྲུང་སྐྱོང་དང་། ཁོར་ཡུག་འཛུགས་སྐྲུན། ཐོན་སྐྱེད་བཟོ་སྐྲུན། གྲོང་ཁྱེར་འཕེལ་རྒྱས། མི་དམངས་ཀྱི་འཚོ་བ་སོགས་ཕྱོགས་ཁག་ཚང་མར་ཁྱབ་པ་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱས་པ་ལས་མི་སེར་གྱི་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ལ་མི་སེར་ལ་མྱོང་ཚོར་ཡང་ཟབ་ཤོས་བྱུང་ཡོད། རི་བཅོས་སྐྱོང་དང་། ཆུ་བཅོས་སྐྱོང་། གྲོང་ཁྱེར་བཅོས་སྐྱོང་བཅས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་གྱི་ཐོན་སྐྱེད་བར་མཐོངས་དང་། འཚོ་བའི་བར་མཐོངས། སྐྱེ་ཁམས་བར་མཐོངས་བཅས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་འཆར་འགོད་བྱས་ནས་མི་སེར་ལ་སྤྲོ་གསེང་དང་། ལུས་སྦྱོང་། རོལ་རྩེད་བཅས་ཀྱི་སྤྱི་པའི་འདུ་གནས་མང་ཙམ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ས་གནས་ས་ཐོག་ཏུ་ལེའོ་ཉིང་ཞིང་ཆེན་གྱི་འབྲུབ་འགོག་ལས་དོན་གྱི་སྙན་ཞུ་གསན་པ་རེད། འདི་ལོ་བྱང་ཕྱོགས་སུ་ཆར་ཆུ་ཅུང་འབེལ་བ་དང་ལེའོ་ཉིང་དུ་འབྲུབ་ཆུ་རྒྱས་ཚུན་དྲག་ཆར་ཐེངས་མང་བབས་པས། ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་ཕོག་པ་དང་མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུན་ཕོག་ཡོད། ལེའོ་ཉིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་གེགས་སེལ་རོགས་སྐྱོབ་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་20ཙམ་དུས་ཐོག་ཏུ་གནས་སྤོ་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ལྟོ་ཟ་རྒྱུ་ཡོད་པ་དང་། གོས་གྱོན་རྒྱུ་ཡོད་པ། ཆུ་གཙང་མ་འཐུང་རྒྱུ་ཡོད་པ། བདེ་འཇགས་ལྡན་པའི་གནས་སྐབས་ཀྱི་སྡོད་གནས་ཡོད་པ།
     ན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱ་རྒྱུ་ཡོད་པ་བཅས་ཀྱི་འགན་ལེན་བྱས་པས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད། ཞི་ཅིན་ཕིང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་དང་བཀོད་སྒྲིག་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། ཁོང་གིས་ཟླ་8པ་ནི་སྔར་བཞིན་བྱང་ཕྱོགས་ས་ཁུལ་གྱི་འབྲུབ་འགོག་གི་འགག་རྩའི་དུས་སྐབས་ཤིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་འབྲུབ་ཆུ་རྒྱས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་བྱེད་པ། འབྲུབ་འགོག་གེགས་སེལ་གྱི་བྱེད་ཐབས་ཁག་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ཏན་ཏིག་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
     ཏུང་ཧུའུ་རིག་གནས་ཐང་ཆེན་དུ་སྤྲོ་གསེང་དང་རིག་གནས་ཀྱི་བྱེད་སྒོ་སྤེལ་བཞིན་པའི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚང་མར། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་དེང་རབས་ཅན་ཡིན། མི་དམངས་ཚང་མ་ཐུན་མོང་འབྱོར་ཕྱུག་ཡོང་བར་བྱེད་པ་ལས་མི་ཉུང་ཤས་ཕྱུག་པོར་འགྱུར་བ་བྱ་རྒྱུ་དེ་མིན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཞིག་ཡིན།     ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་གསར་བརྗེའི་རིག་གནས་བེད་སྤྱོད་ཡག་པོ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་དང་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས། ཏང་ཀྲུང་དབྱང་གིས་བྱང་ཤར་དར་རྒྱས་ཡོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་བྱང་ཤར་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཡོད། ང་ཚོས་དུས་རབས་གསར་པར་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ་རེ་སྒུག་ཀྱང་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།   
     ཚེས་17ཉིན། ཞི་ཅིན་ཕིང་གིས་ཧྲེན་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། ཉིན་དེའི་ཕྱི་དྲོ་ཁོང་ཧྲེན་དབྱང་ཤིན་སུང་འཕྲུལ་མིའི་རང་འགུལ་ཅན་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ཤིང་། ཁེ་ལས་ཀྱི་འགྲེམས་ཁང་དུ་ཞི་ཅིན་ཕིང་གིས་ལེའོ་ཉིང་གི་དུས་རབས་གསར་པའི་བྱང་ཤར་དར་རྒྱས་སྐོར་གྱི་ཕྱོགས་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་ལེའོ་ཉིང་གི་སྔོན་ཐོན་ཚན་རྩལ་ཐོན་རྫས་གཅིག་སྡུད་འགྲེམས་སྟོན་ལ་གཟིགས་པ་མ་ཟད།      ཤིན་སུང་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་དང་རང་བརྟེན་གསར་གཏོད་ཀྱི་གནས་ཚུལ་རྟོག་ཞིབ་ཀྱང་གནང་བ་རེད། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དུ་བཟོ་ལས་འཕྲུལ་མི་དང་། མཉམ་ལས་འཕྲུལ་མི། དམིགས་བསལ་འཕྲུལ་མི་སོགས་ཚོད་ལྟ་བྱེད་བཞིན་ཡོད། ཞི་ཅིན་ཕིང་གིས་ལག་རྩལ་མི་སྣ་དང་ཁེ་ལས་ཀྱི་ལས་བཟོར་ཁེ་ལས་ཀྱི་ལྟེ་བའི་ལག་རྩལ་འགག་སྒྲོལ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་། ཁེ་ལས་ཀྱི་རང་བརྟེན་གསར་གཏོད་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་སྟེ། ཤིན་སུང་ཀུང་སི་ལས་ཀྲུང་གོའི་མྱུར་ཚད་དང་ཀྲུང་གོའི་ཆུ་ཚད་མངོན་གྱི་འདུག་ཅེས་གསུངས་པ་རེད།
     འཁོར་ཁང་ཕྱིར་ཁེ་ལས་ཀྱི་ལས་བཟོའི་འཐུས་མི་རྣམས་འཚང་ཁ་ཤིག་ཤིག་ངང་སྐུ་འགྲམ་དུ་ཡོང་བ་དང་ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་མཚོན་པར་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ནས་རང་བརྟེན་གསར་གཏོད་ལ་དེ་བས་མཐོང་ཆེན་དང་། གསར་གཏོད་ལ་བརྟེན་ནས་ཁོར་ཡུག་འཛུགས་སྐྱོང་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད། རང་རྒྱལ་གྱི་ཐོན་ལས་ཀྱི་ཆུ་ཚད་མཐོ་རུ་དང་སྟོབས་ཤུགས་ཆེ་རུ་ཧུར་ཐག་བཏང་ནས་རང་རྒྱལ་འདི་ཉིད་དཔལ་འབྱོར་དར་རྒྱས་ཀྱི་རྒྱལ་ཁབ་ཆེན་པོ་ནས་དཔལ་འབྱོར་སྟོབས་ཆེའི་རྒྱལ་ཁབ་དང་བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། མིག་སྔར་དཔལ་འབྱོར་གོ་ལ་ཅན་ལ་ལྡོག་རྒྱུན་འཕྲད་པ་དང་། སྲུང་སྐྱོབ་རིང་ལུགས་ཀྱི་སྣང་ཚུལ་ཐོན་མོད། འོན་ཀྱང་ང་ཚོས་སྒོ་མོ་ཡངས་པོར་ཕྱེ་ནས་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རང་རྒྱལ་འཕེལ་རྒྱས་གཏོང་བར་ཏན་ཏན་ཏིག་ཏིག་དང་གོམ་པ་རིམ་བགྲོད་བྱེད་དགོས་ལ། སྒོ་དབྱེ་ཁོང་ཡངས་དང་གཉིས་ཁེ་གཉིས་ཕན་ཡང་ཡོང་བར་བྱས་ཏེ། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་རྒྱུན་འཁོར་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་དགོས། རང་སྟོབས་རང་སྤེལ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་བཞག་སྟེ་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་ངེས་པར་དུ་རང་བརྟེན་གསར་གཏོད་ཀྱི་ལམ་བུར་སྐྱོད་དགོས། དུས་ཚོད་ཀྱིས་མི་མི་སྒུག་པའི་ཐོག་ནས་ཚན་རྩལ་རང་ཚུགས་རང་སྟོབས་ལ་སྐུལ་འདེད་གཏོང་བ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ“འགག་རྩའི”གནད་དོན་ཚད་བརྒལ་ཡོང་བར་བྱས་ནས། འགག་རྩའི་ལྟེ་བའི་ལག་རྩལ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ང་ཚོ་རང་ཉིད་ཀྱིས་ཁོང་དུ་ཆུད་ཐུབ་པའི་འབད་བརྩོན་བྱེད་དགོས། ན་གཞོན་ཚོ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་རྒྱས་པ་ནི་ཁེ་ལས་འཕེལ་རྒྱས་ཀྱི་རེ་བའི་འབྱུང་ཁུངས་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁོར་ཡུག་ཡག་པོ་བཏོད་དེ་གཞོན་ནུ་ཚོའི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་གང་ཐུབ་བྱས་ནས་ཁོང་ཚོས་ཁྱབ་ཁོངས་ཁག་ཏུ་གསར་གཏོད་བྱེད་ཕོད་པ་དང་ཡང་རྩེར་འཛེག་རྒྱུར་སྐུལ་མ་བཏང་སྟེ། དུས་རབས་གསར་པའི་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། 
     དེ་རྗེས་ཞི་ཅིན་ཕིང་ཧོང་ཀུའུ་ཆུས་སན་ཐའེ་ཙི་ཁྲོམ་གཞུང་གི་པད་མ་སྡེ་ཁུལ་དུ་ཕེབས་ཤིང་། སྡེ་ཁུལ་དེ་དུས་རབས་གོང་མའི་ལོ་རབས་80པར་བསྐྲུན་པ་དང་ཁྱོན་གྲོང་མི་དུད་ཚང་3000ལྷག་ཙམ་ཡོད། ཉེ་བའི་ལོ་ཤས་རིང་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་ཞབས་ཞུ་ལེགས་སུ་བཏང་བ་བརྒྱུད་གཞི་རིམ་བཅོས་སྐྱོང་གི་དཔེ་སྟོན་སྡེ་ཁུལ་དུ་གྱུར་ཡོད། ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་དང་། མང་ཚོགས་ཀྱི་བྱེད་སྒོ་ལྟེ་གནས། རྒན་གསོའི་ཞབས་ཞུ་ལྟེ་གནས་བཅས་ལ་སྔ་རྗེས་སུ་ཕེབས་ནས་སྡེ་ཁུལ་གྱི་ལས་དོན་པ་དང་། བདེ་སྐྱིད་ལྡན་པའི་སློབ་གསོའི་སློབ་ཁང་གི་དགེ་སློབ། རྒན་རྒོན་དང་བླངས་པ་བཅས་ཀྱི་ས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མི་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། དམངས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། རྒན་རྒོན་གྱི་ཟ་ཁང་དུ་ཞི་ཅིན་ཕིང་གིས་ཁ་ལག་ཟ་བཞིན་པའི་རྒན་རྒོན་ཚོར་ཁ་ལག་གི་རིན་གོང་མཐོ་པོ་ཡོད་མེད་དང་། སྡེ་ཁུལ་གྱི་ཞབས་ཞུ་ཡག་པོ་ཡོད་མེད། འཚོ་བའི་ཐད་ད་དུང་དཀའ་ངལ་གང་ཡོད་མེད་བཅས་བཀའ་འདྲི་གནང་བ་རེད།  
     སྡེ་ཁུལ་ནས་ཞལ་གྱེས་སྐབས། གྲོང་མི་ཚོས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་འབྱོར་འབྲིང་གི་ཕུགས་འདུན་དང་། རྒྱལ་ཁབ་སྟོབས་ཆེའི་ཕུགས་འདུན། ཀྲུང་གོའི་ཕུགས་འདུན་བཅས་མཐར་གཏུགས་ནས་བརྗོད་ན་མི་སེར་གྱི“བདེ་སྐྱིད་ཀྱི་ཕུགས་འདུན”རེད། ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་མཐའ་དག་ནི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་བྱ་ཆེད་རེད་ཅེས་གསུངས་ཤིང་། ཁོང་གིས་སྡེ་ཁུལ་རྙིང་པ་སྒྱུར་བཀོད་བྱེད་པ་ནི་མི་སེར་གྱི་ཐོབ་སྣང་ཆེ་རུ་གཏོང་བའི་ལས་དོན་གལ་ཆེན་ཞིག་རེད་ལ། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་སྤེལ་བའི་ནང་དོན་གལ་ཆེན་ཞིག་ཀྱང་རེད། དམངས་ཆེད་དང་། དམངས་ཕན། དམངས་བདེ་བཅས་ལ་དམིགས་ནས་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་གང་ཐུབ་བྱེད་པ་དང་། ཆུ་གློག་རླངས་གསུམ་སོགས་འཚོ་བའི་སྒྲིག་བཀོད་སྒྱུར་བཀོད་བྱེད་པ། གྲོང་མིའི་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་སྔར་བས་སྐོང་བ་བཅས་བྱས་ཏེ་བདེ་འཇགས་འགན་ལེན་བྱེད་དགོས། སྡེ་ཁུལ་གྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

ཟླ་8ཚེས་16དང་ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ལེའོ་ཉིང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཚེས་17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧྲེན་དབྱང་དུ་ཤིན་སུང་འཕྲུལ་མིའི་རང་འགུལ་ཅན་མ་རྐང་ཚད་ཡོད་ཀུང་སིའི་འགྲེམས་ཁང་དུ་ལེའོ་ཉིང་གི་སྔོན་ཐོན་ཚན་རྩལ་ཐོན་རྫས་ཀྱི་གཅིག་སྡུད་འགྲེམས་སྟོན་ལ་གཟིགས་བཞིན་པ།
ཟླ་8ཚེས་16དང་ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ལེའོ་ཉིང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཚེས་17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧྲེན་དབྱང་དུ་ཤིན་སུང་འཕྲུལ་མིའི་རང་འགུལ་ཅན་མ་རྐང་ཚད་ཡོད་ཀུང་སིའི་འགྲེམས་ཁང་དུ་ལེའོ་ཉིང་གི་སྔོན་ཐོན་ཚན་རྩལ་ཐོན་རྫས་ཀྱི་གཅིག་སྡུད་འགྲེམས་སྟོན་ལ་གཟིགས་བཞིན་པ།

  
style="display:none;"