མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“ཀྲུང་གོའི་མི་བཟང”ལི་ཕེ་ཧྲེང་དང་ཧུའུ་ཞའོ་ཁྲུན་ལ་འཕྲིན་ལན་སྤྲིངས་ནས། བདེན་ལེགས་མཛེས་གསུམ་
བརྒྱུད་སྤེལ་དང་དྲང་ནུས་བརྒྱུད་སྤྲོད་ཧུར་ཐག་བྱས་ནས་ཉེ་འགྲམ་གྱི་མི་དེ་བས་མང་བ་དགེ་བརྩོན་
ཡར་ཐོན་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་16ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     འཕྲིན་ལན།
     བློ་མཐུན་ལི་ཕེ་ཧྲེང་དང་ཧུའུ་ཞའོ་ཁྲུན།
     ཁམས་བཟང་། ཁྱེད་གཉིས་ཀྱིས་སྤྲིངས་པའི་འཕྲིན་ཡིག་འབྱོར་བྱུང་། ཁྱེད་ཚོས་ལོ་མང་རིང་བྲག་རི་གཡང་གཟར་ཁྲོད་ཁོར་ཡུག་གཙང་སྦྲ་བྱས་ནས། ཉིན་ལྟར་ལོ་ངོ་སྟོང་གི་མགྲོན་བསུའི་ཐང་ཤིང་ལ་ལྟ་སྐྱོང་དང་ལྷག་བསམ་ཟོལ་མེད་ངང་མཛེས་སྡུག་ལྡན་པའི་ཧོང་ཧྲན་སྲུང་སྐྱོང་བྱེད་པ་དེ་ཐོག་ནས་ལས་བཀུར་ལེགས་སྐྱེས་ཀྱི་སྙིང་སྟོབས་གང་ལེགས་མངོན་གྱི་ཡོད།
     “ཀྲུང་གོའི་མི་བཟང”གི་རྩ་ཆེ་ཤོས་ནི་སྤྱིར་བཏང་གི་ལས་ཀའི་ཁྲོད་སྤྱིར་བཏང་མིན་པའི་བྱས་རྗེས་འཇོག་པ་དེ་རེད། ཁྱེད་ཚོས་མུ་མཐུད་མིག་དཔེའི་ནུས་པ་ཡག་པོ་བཏོན་ནས། བདེན་ལེགས་མཛེས་གསུམ་བརྒྱུད་སྤེལ་དང་དྲང་ནུས་བརྒྱུད་སྤྲོད་ཧུར་ཐག་བྱས་ཏེ་ཉེ་འགྲམ་གྱི་མི་དེ་བས་མང་བ་དགེ་བརྩོན་ཡར་ཐོན་ཡོང་བར་སྐུལ་ཁྲིད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་དམངས་བཟང་པོ་དང་། ཚན་པའི་ལས་མི་བཟང་པོ། ཁྱིམ་ཚང་གི་ཁོངས་མི་བཟང་པོ་བཅས་བརྩོན་ལེན་ཧུར་ཐག་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་རང་ནུས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
     ཞི་ཅིན་ཕིང་གིས།
     2022ལོའི་ཟླ་8ཚེས་13ཉིན།
     (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་14ཉིན་འབྱོར་བའི་གློག་འཕྲིན)
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཧོང་ཧྲན་མཛེས་ལྗོངས་ཁུལ་གྱི་ལས་དོན་པ་ལི་ཕེ་ཧྲེང་དང་ཧུའུ་ཞའོ་ཁྲུན་ལ་འཕྲིན་ལན་སྤྲིངས་ཏེ། ཁོང་གཉིས་ཀྱིས“ཀྲུང་གོའི་མི་བཟང”གི་མིག་དཔེའི་ནུས་པ་མུ་མཐུད་འདོན་རྒྱུའི་ཐུགས་རེ་ཟབ་མོ་གནང་བ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཁྱེད་ཚོས་ལོ་མང་རིང་བྲག་རི་གཡང་གཟར་ཁྲོད་ཁོར་ཡུག་གཙང་སྦྲ་བྱས་ནས། ཉིན་ལྟར་ལོ་ངོ་སྟོང་གི་མགྲོན་བསུའི་ཐང་ཤིང་ལ་ལྟ་སྐྱོང་དང་ལྷག་བསམ་ཟོལ་མེད་ངང་མཛེས་སྡུག་ལྡན་པའི་ཧོང་ཧྲན་སྲུང་སྐྱོང་བྱེད་པ་དེ་ཐོག་ནས་ལས་བཀུར་ལེགས་སྐྱེས་ཀྱི་སྙིང་སྟོབས་གང་ལེགས་མངོན་གྱི་ཡོད་ཅེས་བསྟན་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ཀྲུང་གོའི་མི་བཟང”གི་རྩ་ཆེ་ཤོས་ནི་སྤྱིར་བཏང་གི་ལས་ཀའི་ཁྲོད་སྤྱིར་བཏང་མིན་པའི་བྱས་རྗེས་འཇོག་པ་དེ་རེད། ཁྱེད་ཚོས་མུ་མཐུད་མིག་དཔེའི་ནུས་པ་ཡག་པོ་བཏོན་ནས། བདེན་ལེགས་མཛེས་གསུམ་བརྒྱུད་སྤེལ་དང་དྲང་ནུས་བརྒྱུད་སྤྲོད་ཧུར་ཐག་བྱས་ཏེ་ཉེ་འགྲམ་གྱི་མི་དེ་བས་མང་བ་དགེ་བརྩོན་ཡར་ཐོན་ཡོང་བར་སྐུལ་ཁྲིད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་དམངས་བཟང་པོ་དང་། ཚན་པའི་ལས་མི་བཟང་པོ། ཁྱིམ་ཚང་གི་ཁོངས་མི་བཟང་པོ་བཅས་བརྩོན་ལེན་ཧུར་ཐག་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་རང་ནུས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
     2008ལོ་ནས་བཟུང་། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་དྲ་ཐོག་ཏུ“ངའི་ཉེ་འགྲམ་གྱི་མི་བཟང་འོས་སྦྱོར་དང་དཔྱད་གླེང་བྱེད་པའི”བྱེད་སྒོ་སྤེལ་ཡོད་ཅིང་། ད་བར“ཀྲུང་གོའི་མི་བཟང་གི་བང་རིམ”དུས་ཐེངས་150ཁྱབ་བསྒྲགས་བྱས་པ་དང་། ཁྱོན་མི(ཚོགས་ཆུང)16228“ཀྲུང་གོའི་མི་བཟང”ནང་ཚུད་ཡོད། ལི་ཕེ་ཧྲེང་དང་ཧུའུ་ཞའོ་ཁྲུན་གཉིས་ཀྱིས་ཧོང་ཧྲན་མཛེས་ལྗོངས་ཁུལ་དུ་ཁོར་ཡུག་གཙང་སྦྲ་དང་མགྲོན་བསུའི་ཐང་ཤིང་སྲུང་སྐྱོང་གི་ལས་ལ་གཞོལ་བ་དང་། 2012ལོ་དང་2021ལོར་སྔ་རྗེས་སུ་ལས་བཀུར་ལེགས་སྐྱེས་རིགས་ཀྱི“ཀྲུང་གོའི་མི་བཟང”ནང་ཚུད་ཡོད། ཉེ་ཆར། ལི་ཕེ་ཧྲེང་དང་ཧུའུ་ཞའོ་ཁྲུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་རང་ཉིད་ཀྱི་ལས་ཀའི་གནས་ཚུལ་དང་བསམ་ཚུལ་སྙན་སེང་ཞུས་ཏེ་མཛེས་སྡུག་ལྡན་པའི་ཧོང་ཧྲན་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་པ་རེད།

  
style="display:none;"