མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་བརྡ་ཐོ་
བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་
ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་
སློབ་སྦྱོང་ལག་བསྟར་ནན་ཏན་བྱ་རྒྱུའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་16ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

    མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་གི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་ནས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་པོ་དང་ཡག་པོ་བྱས་ཏེ་བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གཤིས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ། བསམ་བློའི་འགོག་རྐྱེན་སེལ་བ། བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་མ་གཏོང་བར་སྒུལ་ཤུགས་སྣོན་པ་དང་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུའི་བླང་བྱ་དེ་དོན་དངོས་སུ་འཁྱོལ་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
    《བརྡ་ཐོའི》ནང་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་སློབ་གསོ་ལག་ལེན་བྱེད་སྒོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་།བྱེད་སྒོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་གནང་བ།དུས་བབ་གསར་པའི་འོག་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ཐད་སྒོ་ཀུན་ནས་བཀོད་སྒྲིག་གནང་བ་དང་བླང་བྱ་གསལ་པོ་བཏོན་གནང་བས་སྙིང་རུས་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞིར”ངོ་རྒོལ་བྱས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་སྤྱོད་ཚུལ་འགྱུར་ལྡོག་གི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་བླང་བྱ་དེ་དངོས་སུ་དོན་འཁྱོལ་ཐུབ་པ་བྱེད་པ་དང་།ཏང་བཅོས་སྐྱོང་ནན་པོ་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྔར་བས་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།
    རིམ་ཁག་འགོ་ཁྲིད་ཚན་ཁག་གིས་ཆེད་མངགས་དུས་ཚོད་བཀོད་སྒྲིག་བྱས་ནས་གཅིག་སྡུད་ངང་སློབ་སྦྱོང་དང་གྲོས་བསྡུར་བྱེད་དགོས་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆེད་དོན་སློབ་སྦྱོང་བྱས་ནས་མགོ་ནས་མཇུག་བར་སློབ་སྦྱོང་དང་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱས་ཏེ་བསམ་བློ་དང་བྱ་སྤྱོད《གསུང་བཤད》ཀྱི་དགོངས་དོན་ཐོག་རང་རྟོགས་ངང་གཅིག་གྱུར་ཡོང་བ་བྱེད་པ་དང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས།
    《བརྡ་ཐོའི》ནང་ནན་བཤད་བྱས་དོན།《གསུང་བཤད》ཀྱི་ནང་དོན་གཙོ་བོ་དང་བསམ་བློའི་ངོ་བོ་གོ་བ་ནན་ཏན་ལེན་པ་དང་ཁོང་དུ་ཆུད་པ་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོའི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་དེ་མུ་མཐུད་གནས་བབ་གལ་ཆེན་དུ་འཇོག་པ་དང་གཅུས་གཟེར་རྒྱག་པའི་སྙིང་སྟོབས་ཀྱི་ཐོག་ནས་རྒྱུན་སྲིང་ངང་དག་ཐེར་དང་ཡུན་རིང་དག་ཐེར་བྱེད་དགོས།སློབ་གསོ་ལག་ལེན་བྱེད་སྒོའི་ཉམས་མྱོང་ངོས་འཛིན་གཏིང་ཟབ་བྱས་ནས་གཙོ་གནད་མངོན་གསལ་དུ་འཇོག་པ་དང་གནད་དོན་ལ་དམིགས་རྒྱུ་མཐའ་འཁྱོངས་དང་།འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་གོང་གིས་འོག་ལ་མིག་དཔེ་འདོན་རྒྱུ་མཐའ་འཁྱོངས།ངོས་འཛིན་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་མ་གཏོང་བ་དང་བྱ་སྤྱོད་ཀྱི་ཐོག་ནས་ངོས་འཛིན་ལ་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས།གཟབ་ནན་གཙོ་གནད་དུ་འཛིན་ནས་གཟབ་ནན་དང་ཏན་ཏིག་བྱ་རྒྱུ་མཐའ་འཁྱོངས།རིམ་པ་རེ་རེས་དམ་འཛིན་དང་གོང་འོག་མཉམ་འགུལ་བྱ་རྒྱུ་མཐའ་འཁྱོངས།མང་ཚོགས་ལ་ཡིད་ཆེས་དང་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།ཏང་བཅོས་སྐྱོང་ནན་པོ་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ངོས་འཛིན་གཏིང་ཟབ་བྱས་ནས་ཏང་ཡོན་ལས་བྱེད་པས་བསམ་བློའི་ཐོག་ནས་དངོས་གནས་གསལ་རྟོགས་དང་བྱ་སྤྱོད་ཐོག་ནས་དངོས་ནས་དོ་དམ་དང་དོ་དམ་ནན་པོ་བྱེད་པ་དང་།དོ་དམ་བྱེད་ཕོད་པ་དང་གཟབ་ནན་བྱེད་ཕོད་པ།ཡུན་རིང་དོ་དམ་དང་ཡུན་རིང་དོ་དམ་ནན་པོ་བཅས་བྱེད་དགོས་པའི་སློབ་གསོ་རྒྱག་པ་དང་སྣེ་ཁྲིད་བྱས་ཏེ་ནན་ཏན་ལ་སྣང་ཆེན་བྱ་རྒྱུ་དེ་ལས་དོན་མཐའ་དག་ནང་ལག་ལེན་བསྟར་བ་དང་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་ཐད་མུ་མཐུད་འཚོལ་ཞིབ་བྱེད་པ་དང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས།དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་ནན་པོ་བྱེད་པའི་བླང་བྱ་ཁག་ལ་ངོས་འཛིན་གཏིང་ཟབ་བྱས་ནས།ཏང་འཛུགས་སྐྱོང་ནན་པོ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་།ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་བྱས་རྗེས་ཆེ་ཤོས་ཤིག་ཏུ་བརྩི་བ་དང་།བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ཐོག་ནས་ཏང་འཛུགས་སྐྱོང་བྱ་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས།ཏང་གཤིས་དང་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ཉེན་བརྡ་གཏོང་བའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ལམ་ལུགས་དང་གཏན་འབེབས་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་བསམ་བློའི་སློབ་གསོ་རྒྱག་པ།ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དུ་བཏང་ནས་དངོས་ཐོག་བདེན་འཚོལ་དང་།རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ།མང་ཚོགས་དང་འབྲེལ་བ་དམ་ཟབ།སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཅས་མཐའ་འཁྱོངས་བྱེད་པ་དང་དར་སྤེལ་གཏོང་བ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་སོགས་སྲོལ་རྒྱུན་བཟང་པོ་མཐའ་འཁྱོངས་བྱེད་པ།ལས་བྱེད་པར་དོ་དམ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚད་གཞི་ནན་པོའི་ཐོག་ནས་བླང་བྱ་འདོན་པ་དང་།བྱ་ཐབས་ནན་པོའི་ཐོག་ནས་ལྟ་སྐུལ་དོ་དམ་བྱེད་པ།སྒྲིག་ལམ་ནན་པོའི་ཐོག་ནས་ལས་བྱེད་པར་གཅུན་འདོམས་བཅས་བྱེད་པ།སྤྱོད་ཚུལ་རྒྱུན་སྲིང་དང་གཏིང་ཟབ་ངང་ལེགས་སུ་གཏོང་བ་དང་རྩ་བཅོས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་དང་ལས་བྱེད་པ་ཚོས་སྤྱོད་ཚུལ་ངན་པོ་བྱེད་མི་ཕོད་པ་དང་།བྱེད་མི་ཐུབ་པ།བྱེད་འདོད་མེད་པ་བཅས་བྱེད་པ།ཏང་གི་སྒྲིག་ལམ་གཟབ་ནན་དུ་གཏོང་བ་དང་སྒྲིག་ལམ་གྱི་སློབ་གསོ་རྒྱུན་གཏན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས།སྒྲིག་ལམ་དང་གཏན་འབེབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་སྒྲིག་ལམ་ལག་ལེན་བསྟར་བའི་འགན་འཁྲི་ཏན་ཏིག་ཁུར་བ།མི་དམངས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་པ་དང་ཐབས་ཇུས་འདོན་པ་དང་སྐྱོན་བརྗོད་ལྟ་སྐུལ་བྱེད་པའི་ལམ་བུ་ཤར་གཏོང་ཐུབ་པ་བྱེད་པ།ཏང་འཛུགས་སྐྱོང་ནན་པོ་བྱེད་པའི་ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱས་ནས།ཏང་འཛུགས་སྐྱོང་ནན་པོ་བྱེད་པའི་བརྒྱུད་རིམ་རང་བཞིན་དང་།སྔོན་དཔག་རང་བཞིན།གསར་གཏོད་རང་བཞིན།དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་དགོས།
    《བརྡ་ཐོའི》ནང་བླང་བྱ་བཏོན་དོན།《གསུང་བཤད》ཀྱི་དགོངས་དོན་ཐོག་ནས་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས།ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་འཛུགས་སྐྱོང་ནན་པོ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།དག་ཐེར་དོན་འཁྱོལ་ལ་རྒྱུན་སྲིང་དང་གཏིང་ཟབ་ངང་དམ་འཛིན་བྱེད་པ་དང་།དག་ཐེར་བྱེད་ཚུལ་གྲལ་བཤེར་བྱེད་པ།ཆེད་དོན་བཅོས་སྒྲིག་ལ་དམ་འཛིན་གྱིས་ལྷོད་གཡེང་མི་བྱེད་པ་བཅས་བྱས་ནས་འགན་འཁྲི་ཁ་གསལ་གནས་འཁེལ་དང་།བྱ་ཐབས་དོན་འཁྱོལ་གནས་འཁེལ།གནད་དོན་ཐག་གཅོད་གནས་འཁེལ་བཅས་བྱེད་པ་དང་།སྤྱི་ཚོགས་ལ་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་དགོས།རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་སྤྱོད་ཚུལ་ཁྱབ་ཁོངས་ནང་ཐོན་པའི་འགྱུར་ལྡོག་གསར་པ་དང་གནད་དོན་གསར་པར་དམ་པོར་དམིགས་པ་དང་བབ་བསྟུན་གྱི་ཐབས་ཇུས་དང་བྱ་ཐབས་དུས་ཐོག་ཏུ་བཟོས་ཏེ་ལམ་ལུགས་ཀྱི“རླུང་ཙི”ཡག་པོ་བཟོ་བ་དང་།དབང་ཆ་གང་བྱུང་དུ་བེད་སྤྱོད་གཏོང་རྒྱུ་བཀག་འགོག་ནན་པོ་བྱས་ཐོག་སྤྱོད་ཚུལ་འཛུགས་སྐྱོང་དེ་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་ནན་པོ་བྱེད་པར་དམ་འཛིན་ཡག་པོ་བྱེད་པ་དང་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས།ལྟ་སྐུལ་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་ཏང་དོ་དམ་དང་ཏང་བཅོས་སྒྲིག་བྱེད་པའི་འགན་འཁྲི་དཔྱད་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དང་ཚན་པ་འགས་ཕྱི་ཚུལ་ནས་བལྟས་ཚེ་ཏང་གིས་ཏང་ལ་དོ་དམ་དང་བཅོས་སྒྲིག་བྱེད་ཀྱི་ཡོད་ཀྱང་དོན་དུ་དོ་དམ་མི་ཐུབ་པ་དང་གཟབ་ནན་དེ་ཙམ་མེད་པའི་གནས་ཚུལ་ལ་འགྱུར་ལྡོག་ཏན་ཏིག་གཏོང་དགོས།