མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བོད་ལྗོངས་ཀྱིས་ལོ་སྟོད་དུ་བཟའ་བཅར་འཐེན་བཤེར་བྱས་པའི་ནང་ཚད་ལོན་ཚད་
97.91%ཟིན་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་16ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

    མི་དམངས་དྲ་བའི་འཕྲིན། བོད་ལྗོངས་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ཀྱི་ཆ་འཕྲིན་ལ་གཞིགས་ན། འདི་ལོའི་ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཀྱི་ཐོན་རྫས་སྤུས་ཚད་རྒྱུན་མཐུད་ངང་བརྟན་འཕར་བྱུང་བའི་ནང་བོད་རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཁོངས་གཏོགས་ཀྱིས་ལོ་སྟོད་དུ་བཟའ་བཅའི་དངོས་དཔེ་287ལ་འཐེན་བཤེར་བྱས་པས་ཚད་ལོན་ཚད་97.91%ཟིན་པ་དང་ཉེན་ཡོད་དངོས་དཔེ་ཞིབ་བཤེར་ཐུབ་ཚད་0.89%ཟིན་ཡོད།
    འདི་ལོའི་ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཁོངས་གཏོགས་ཀྱིས་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ནས་རྫུས་མར་རྡུང་རྡེག་དང་སྤུས་ཞན་ལ་བཅོས་སྒྲིག་དང་། ལྟ་སྐུལ་འཐེན་བཤེར། ཉེན་ཁ་གྲལ་བཤེར་སོགས་ཐད་ལ་ལས་དོན་འབོར་ཆེན་སྤེལ་ཏེ་བོད་ཀྱི་བཟའ་བཅའ་ཐོན་སྐྱེད་ཁེ་ལས(བཟོ་ཁང་ཆུང་གྲས)དང་བདེ་འཇགས་དམིགས་ཚད་ཀྱི་འགན་འཁྲིའི་ཡི་གེ་བཞག་པ་དང་ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་རེད།
    རྫུས་མར་རྡུང་རྡེག་དང་སྤུས་ཞན་ལ་བཅོས་སྒྲིག་བྱེད་པའི་ཐད།རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཁོངས་གཏོགས་ཀྱིས་བཟོ་ཚོང་སོགས་ཁྲིམས་འཛིན་སྡེ་ཚན་བསྡུ་སྒྲིལ་བྱས་ནས་ཁེ་ལས(བཟོ་ཁང་ཆུང་གྲས)405དང་སྒོ་རྩིས་ཚོང་ཁང་31ལ་ཁྲིམས་འཛིན་ཞིབ་བཤེར་བྱས་པ་རེད།
    ལྟ་སྐུལ་འཐེན་བཤེར་དང་ཉེན་ཁ་གྲལ་བཤེར་ཐད།ཐོན་སྐྱེད་དང་འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཐོན་རྫས་ལ་གཙོ་བོ་ལྟ་སྐུལ་འཐེན་བཤེར་དང་ཞིབ་དཔྱད་བྱས་ནས་བཟའ་བཅའི་དངོས་དཔེ་287ལ་འཐེན་བཤེར་བྱས་ཏེ་འཐེན་བཤེར་བྱས་པའི་ནང་ཚད་ལོན་ཚད་97.91%ཟིན་པ་དང་ཉེན་ཡོད་དངོས་དཔེ་ཞིབ་བཤེར་ཐུབ་ཚད་0.89%ཟིན་ཡོད།ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་དང་ཉེན་ཁ་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་ཆེད་ད་དུང་ཁོངས་གཏོགས་ཡོངས་ཀྱིས་སྐོར་ཞིབ་ཐེངས་312བྱས་པ་དང་།ཁེ་ལས(བཟོ་ཁང་ཆུང་གྲས)812ལ་སྐོར་ཞིབ་བྱས་པ།འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཐོན་རྫས་སྣ་ཁ་45ལ་ཞིབ་བཤེར་བཅས་བྱས་པ་རེད།