མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཁྲིམས་ལྟར་རྒྱལ་སྐྱོང་གི་བརྗིད་ཆེའི་འཆར་གཞི་ཐུན་མོང་ཐོག་འགོད་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་24ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

  བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།
    ཟླ་10ཚེས་23ཉིན་གྱི་ཕྱི་དྲོ་ཚང་མས《གསར་འགྱུར་མཉམ་བསྒྲགས》ཐོག་ནས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གསར་འགྱུར་བལྟས་པ་དང་འགའ་ཞིག་གིས་དྲ་སྦྲེལ་ལ་བརྟེན་ནས་ཁྲིམས་ལྟར་རྒྱལ་སྐྱོང་སྐོར་གྱི་ཏང་གི་བྱེད་ཐབས་ཁག་བཙལ་འཚོལ་བྱས།ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ནས་ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་སྐྱོང་དབར་གྱི་འབྲེལ་བ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་པར་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད་པ་རེད།
    དགོང་མོའི་ཆུ་ཚོད་བརྒྱད་པ་ཡོལ་ཙམ་ལ་བརྙན་འཕྲིན་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གསར་འགྱུར་བལྟས་མ་ཐག་པའི་སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་གྲོང་རྡལ་གྱི་གྲོང་མི་འཇམ་དཔལ་གྱིས་གསར་འགོད་པའི་ཁ་པར་ཐོག་གི་བཅར་འདྲི་དང་ལེན་བྱས་ཤིང་།ཁོང་གིས“ནང་དོན་མང་པོ་ཞིག་ངས་ཤེས་ཀྱི་མེད་རུང་།ནང་དོན་ཁག་གཅིག་ངས་གསལ་པོ་ཤེས་བྱུང་བ་དེ་ནི་སྲིད་གཞུང་གིས་ཇུས་ཐག་གཅོད་སྐབས་མི་སེར་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པའི་སྐོར་བཅའ་ཁྲིམས་ནང་གཏན་འབེབས་བྱས་ཡོད་པ་དེ་རེད”ཅེས་བཤད་པ་རེད།
    འཇམ་དཔལ་ལ་སློབ་ཆུང་རིག་གནས་ཆུ་ཚད་ལས་མེད་རུང་།ལོ་མང་རིང་ཚོང་རར་ལས་ཀ་བྱེད་རིང་བཅའ་ཁྲིམས་ཀྱི་གལ་ཆེའི་རང་བཞིན་གཏིང་ཟབ་ཤེས་ཡོད།ན་ནིང་ཁོང་མཉམ་ལས་ཁང་གིས་བཅའ་ཁྲིམས་བློ་འདྲི་བར་གདན་ཞུ་བྱས་ཤིང་།ཨར་ལས་དང་མ་དངུལ་འཁོར་རྒྱུག་བྱེད་རིང་ཁོང་ཚོར་དཀའ་ངལ་འཕྲད་སྐབས་ཁྲིམས་རྩོད་པས་རོགས་རམ་བྱས་ནས་ཐག་གཅོད་བྱེད་ཀྱི་ཡོད།འཇམ་དཔལ་གྱིས“སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཐོག་ནས་སྐབས་དེ་དུས་ཀྱི་རང་ཉིད་ཀྱི་བྱེད་ཐབས་ནི་ཡང་དག་པ་ཞིག་ཡིན་པ་སླར་ཡང་ར་འཕྲོད་བྱུང”ཞེས་བཤད་པ་རེད།
    ལྷ་རྩེ་རྫོང་དཔེ་ལེབ་གྲོང་ཚོར་བཅའ་སྡོད་བྱེད་བཞིན་པའི་གཞིས་རྩེ་ས་ཨུད་ཀྱི་དྲིལ་བསྒྲགས་པུའི་ལས་བྱེད་པ་དབྱང་ཅུན་གྱིས་དྲ་ཐོག་ནས《སྤྱི་བསྒྲགས》དང་དེ་བཞིན་འབྲེལ་ཡོད་གསར་འགྱུར་བལྟས་རྗེས།ཁྲིམས་ལྟར་རྒྱལ་སྐྱོང་གིས་ང་ཚོས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།ཁོང་གིས་ཁ་པར་ཐོག་ནས་གསར་འགོད་པར“ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཁྲིམས་ལྟར་རྒྱལ་སྐྱོང་ལ་གཞིགས་ཏེ་ཆེད་མངགས་གྲོས་བསྡུར་བྱས་པ་དེ་ཐོག་ནས་ང་ཚོའི་ཏང་གི་སྲིད་འཛིན་ཆུ་ཚད་སླར་ཡང་མཐོ་རུ་སོང་བ་མཚོན་གྱི་ཡོད།དེང་སྐབས་ང་ཚོའི་རྒྱལ་ཁབ་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་དུས་རིམ་དུ་སླེབས་པས་དགོས་མཁོ་དང་ཁེ་ཕན་བཏང་སྙོམས་སྒྲིག་གི་གནད་དོན་སྣ་ཚོགས་གཅིག་སྡུད་ཐོག་མངོན་པས་ཁྲིམས་སྐྱོང་གི་སྣེ་འདྲེན་ནུས་པ་ཧ་ཅང་གལ་ཆེན་པོ་རེད།ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུ་ལས་ང་ཚོའི་འཕེལ་རྒྱས་ནང་གི་གནད་དོན་སྣ་ཚོགས་ཐག་གཅོད་བྱ་རྒྱུར་ཕན་པ་དེ་བས་ཆེ་བ་ཐོབ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་བཤད་བྱུང་།
    དབྱང་ཅུན་གྱིས་ད་དུང་ཁྲིམས་ལྟར་རྒྱལ་སྐྱོང་ནི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་བ་རེད།ཚོགས་འདུའི་སྤྱི་བསྒྲགས་ནང“དམངས་རྩ་བར་འཛིན་པ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛུགས་པའི་འདུ་ཤེས་ལ་བརྩི་སྲུང་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་ནས་ཁྲིམས་འཛུགས་ཚང་མ་རྩ་ཁྲིམས་ཀྱི་དགོངས་དོན་དང་འཚམ་པ་དང་།མི་དམངས་ཀྱི་འདོད་བློ་མཚོན་པ།མི་དམངས་ཀྱི་བརྩི་བཀུར་ཐོབ་པ་བཅས་བྱེད་ཐུབ་པ་དགོས”ཞེས་བཏོན་པ་དེ་ཐོག་ནས་མི་དམངས་ཀྱི་རང་ཁྱིམ་རང་བདག་མངོན་པ་དང་མི་དམངས་མང་ཚོགས་ལ་བརྩི་བཀུར་བྱས་ཡོད།སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་།རྒྱུ་ནོར་གྱི་དབང་ཆ།གཞི་རྩའི་ཆབ་སྲིད་ཀྱི་ཁེ་དབང་སོགས་ལ་གནོད་འཚེ་མི་ཕོག་པའི་འགན་ལེན་དང་སྤྱི་དམངས་ཀྱི་དཔལ་འབྱོར་དང་།རིག་གནས།སྤྱི་ཚོགས་སོགས་ཐད་ཀྱི་ཁེ་དབང་འགན་ལེན་བྱེད་པའི་ཐད་ཞིབ་ཕྲ་གླེང་འདུག་ཅེས་བཤད།