མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་མཉམ་དུ་གསར་འགོད་པར་
མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་13ཉིན། 11:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་མཉམ་དུ་གསར་འགོད་པར་
མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༢ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོཊ་ཁང་ཆེ་མོར་ཨ་རིའི་ཙུང་ཐུངཨའོ་པ་མ་དང་གྲོས་མོལ་གནང་ཞིང་། གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
     འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་གནད་དོན་སྐོར་ལ་དྲིས་ལན་སྐྱོན་སྐབས་ཞིས་ཅིན་ཕིང་གིས་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་། ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་༣༠ལྷག་ཙམ་སོང་བའི་རིང་ལ་ཀྲུང་གོའི་མིའི་ཐོབ་ཐང་སྐོར་གྱི་ལས་དོན་ལ་བྱས་རྗེས་ཤན་ཏུ་ཆེན་པོ་ཐོབ་པ་དེ་ནི་མིག་ལྡན་ཀུན་གྱིས་མཐོང་གསལ་དོན་དངོས་རེད། མིའི་ཐོབ་ཐང་སྐོར་གྱི་གནད་དོན་ཐད་བྱེད་བཞིན་པ་ལས་བྱས་རྫོགས་པ་མེད་པ་དང་། སྔར་ལས་ལེགས་པར་བསྒྲུབས་པ་ལས་ལེགས་ཤོས་བསྒྲུབས་པ་མེད། ཀྲུང་གོའི་ཕྱོགས་ཀྱིས་ཨ་རིའི་ཕྱོགས་དང་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱས་པའི་རྨང་གཞིའི་ཐོག་མིའི་ཐོབ་ཐང་སྐོར་གྱི་གནད་དོན་གྲོས་མོལ་བྱས་ཏེ་དགེ་མཚན་ལྡན་པའི་སྒོ་ནས་ཕྱོགས་འགལ་ཐག་གཅོད་བྱས་ནས་རྒྱུས་ལོན་དང་མཉམ་ལས་སྔར་ལས་ལྷག་པར་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།