མི་དམངས་དྲ་བ།

༄༅།།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་<<2015ལོའི་
དམག་ཡོངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་ཆེད་དོན་སློབ་གསོ་དང་
དག་ཐེར་སྤེལ་རྒྱུའི་བསམ་འཆར་>>པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་08ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་སྤྱི་ཁྱབ་ཆབ་སྲིད་པུའུ་ཡིས་<<2015ལོའི་དམག་ཡོངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་ཆེད་དོན་སློབ་གསོ་དང་དག་ཐེར་སྤེལ་་རྒྱུའི་བསམ་འཆར་>>པར་འགྲེམས་བྱས་ཤིང་། དམག་ཡོངས་ཀྱིས་“དམག་དཔུང་སྟོབས་ཆེན་དུ་འགྱུར་བར་བྱ་རྒྱུའི་དམིགས་ཡུལ་སློབ་སྦྱོང་དང་ལག་ལེན་བསྟར་ཏེ་གསར་བརྗེ་དམག་མི་རབས་གསར་པ་བྱ་དགོས་”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་མདའ་ཤོག་ཡན་གྱི་ཏང་ཨུའི་ལས་ཁུངས་སུ་“ནན་པོ་གསུམ་དང་བདེན་པ་བདེན་ཐུབ་གསུམ་”བྱ་རྒྱུའི་ཆེད་དོན་སློབ་གསོ་དང་དག་ཐེར་སྤེལ་རྒྱུའི་སྐོར་བཀོད་སྒྲིག་བྱས་པ་རེད།