མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་08ཉིན། 12:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་སྟངས་ཚད་ལྡན་དང་ལེགས་བཅོས་བྱ་རྒྱུའི་ཐབས་ཤེས་དང་། སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་རྒྱུ་དང་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་རྒྱུ་གཏན་འབེབས་བྱས་པ་དང་། སློབ་གསོའི་སྐོར་གྱི་བཅའ་ཁྲིམས་ཁ་ཤས་དག་བཅོས་བྱ་རྒྱུའི་འཆར་ཟིན་ལ་གྲོས་བསྡུར་བྱས་ཏེ་གྲོས་འཆམ་བྱུང་བ་རེད།