འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་གྱི་མཛེས་ལྗོངས་ཁུལ་གཙོ་བོ་དང་མ་ལམ་དུ་WIFIཁྱབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་10ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེའི་མཛེས་ལྗོངས་ཁུལ་གཙོ་བོ་དང་མ་ལམ་ལ་རིན་མེད་སྐུད་མེད་དྲ་རྒྱ་ཁྱོན་ཡོངས་ནས་ཁྱབ་ཡོད་ཅེས་བཤད་པ་རེད།
          ཡུལ་ཤུལ་གྲོང་ཁྱེར་དེ་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཁོངས་སུ་གཏོགས་པ་དང་2013ལོར་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། ཡུལ་ཤུལ་རྫོང་དེ་རྫོང་རིམ་པའི་ཡུལ་ཤུལ་གྲོང་ཁྱེར་བཙུགས་པ་དང་སྦྲགས། ལོ་དེ་གའི་ཟླ་11ཚེས་1ཉིན་དངོས་སུ་སྒོ་བྱང་བཀལ་བ་རེད།
           མིག་སྔར་ཡུལ་ཤུལ་གྲོང་ཁུལ་དུ་རིན་མེད་སྐུད་མེད་དྲ་རྒྱ་ཁྱབ་ཁུལ་ནི་ཡུལ་ཤུལ་གྲོང་ཁུལ་གྱི་མ་ལམ་དང་། ཡུལ་སྐོར་བ་སྡུད་འགྲེམས་ལྟེ་གནས། གནམ་ཐང་། གེ་སར་ཐང་ཆེན། འབྲི་གཡག་ཐང་ཆེན། དེང་རབས་རི་བོའི་ལྗོངས་གཟིགས་སྒང་། ཝུན་ཤིང་ཀོང་ཇོའི་དྲན་གསོ་ཁང་། ཡུལ་ཤུལ་སྤྱི་གླིང་། གྲོང་གསར་རྒྱ་ནག་རྡོ་བརྐོས་མ་ཎི་གྲོང་སོགས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།