འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི“གྲགས་ཅན་སྨན་པ་གྲོང་
    གསེབ་ཏུ་བསྐྱོད་པའི”བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་10ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 2017ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་སྤྱི་ཚོགས་རྩ་འཛུགས་ཀྱི་དཔེ་སྟོན་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་མཚོ་སྔོན་གྱི“གྲགས་ཅན་སྨན་པ་གྲོང་གསེབ་ཏུ་བསྐྱོད་ནས”ཐག་རིང་ལུང་ཁུག་གི་གྲངས་ཉུང་མི་རིགས་ས་ཁུལ་ལ་རོགས་རམ་བྱེད་པའི་འོས་འགན་སྨན་བཅོས་བྱེད་སྒོ་ཉེ་དུས་སྤེལ་འགོ་ཚུགས་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“གྲགས་ཅན་སྨན་པ་གྲོང་གསེབ་ཏུ་བསྐྱོད་པའི”བྱེད་སྒོས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་དང་། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་བཅས་སུ་འོས་འགན་སྨན་བཅོས་བྱ་རྒྱུ་རེད།
           རྣམ་གྲངས་ལག་བསྟར་ཚན་པ་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཚོགས་ཀྱི་འགན་འཁུར་བས་རྣམ་གྲངས་དེས་མཚོ་སྔོན་ཞིང་ཆེན་གྱི་སྨན་རྩིས་ཁང་དང་། མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་སོགས་ཚན་པའི་བོད་ལུགས་གསོ་རིག་དང་། བོད་ལུགས་དང་ཕྱི་ལུགས་གསོ་རིག ཀྲུང་ལུགས་གསོ་རིག་བཅས་ཁྱབ་ཁོངས་ཀྱི་གྲགས་ཅན་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས“གྲགས་ཅན་སྨན་པ་གྲོང་གསེབ་ཏུ་བསྐྱོད་པའི”བྱེད་སྒོ་སྤེལ་ཏེ་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ཐག་རིང་ལུང་ཁུག་གི་གྲངས་ཉུང་མི་རིགས་ས་ཁུལ་དུ་སྤྱོད་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད་ཅེས་བཤད།
          ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་ནོར་སྲིད་ཀྱིས་སྤྱི་ཚོགས་རྩ་འཛུགས་སྤྱི་ཚོགས་ཞབས་ཞུའི་ནང་ཞུགས་པའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་པ་ནི་སྤྱི་ཚོགས་རྩ་འཛུགས་རྒན་སྐྱོར་རྒན་རོགས་དང་། བྱིས་པར་ཐུགས་ཁུར། དབང་སྐྱོར་དབང་རོགས་སོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་པ་དང་ས་ཁུལ་དབུལ་པོ་དང་དཀའ་ངལ་ཡོད་པའི་དམངས་ཚོགས་གཙོ་གནད་ཞབས་ཞུའི་ས་ཁོངས་དང་ཞབས་ཞུའི་མི་ཚོགས་སུ་བྱས་ཡོད་པ་རེད།
          ད་ཐེངས་ཀྱི“གྲགས་ཅན་སྨན་པ་གྲོང་གསེབ་ཏུ་བསྐྱོད་པའི”བྱེད་སྒོའི་དམིགས་ཡུལ་ནི་དམངས་ལ་ཕན་པ་བསྐྲུན་རྒྱུ་དང་། ནོར་དོན་གྱི་གཏོང་སྒོ་ནན་པོ་སྲུང་ནས་དངུལ་ཚང་མ་བེད་སྤྱོད་ཡང་དག་ཡོང་བའི་འགན་ལེན་བྱེད་པ་མ་ཟད། ད་དུང་རྩ་འཛུགས་རྣམ་གྲངས་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་སློབ་ཚོགས་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་དེ་ཡིན།
          “ད་ཐེངས་ང་ཚོས་གཟུགས་གཞིར་བརྟག་དཔྱད་དང་། བོད་ལུགས་གསོ་རིག་ཕྱི་བཅོས། སྨན་ཡོན་མི་དགོས་པར་སྨན་སྤྲོད་པ་བཅས་བྱ་རྒྱུ་དང་སྦྲགས་ཐོན་མང་བའི་ནད་རིགས་དང་རྒྱུན་ཐོན་ནད་རིགས་ཀྱི་ནད་གཞི་སྔོན་འགོག་གི་ཚན་རིག་ཁྱབ་གདལ་སློབ་གསོ་ཡང་རྒྱག་རྒྱུ་ཡིན། ང་ཚོས་ཐག་རིང་ལུང་ཁུག་གི་གྲངས་ཉུང་མི་རིགས་ས་ཁུལ་གྱི་དམངས་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་རྩ་ནས་རིགས་གཅིག་མཁས་ཅན་རིམ་པའི་སྤུས་ལེགས་སྨན་བཅོས་ལོངས་སུ་སྤྱོད་ཐུབ་རེ་བྱེད་ཀྱི་ཡོད”ཅེས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུས་ཀྱི་འགན་འཁུར་བས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།