མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏང་ཨུད་དྲུང་ཆེའི་ཚོགས་འདུའི་ཐོག་མཛུབ་སྟོན་གལ་ཆེན་གནང་སྟེ། 
ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་
ཏུ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཐུབ་རྒྱུར་
ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་22ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་19དང་20ཉིན། རྒྱལ་ཡོངས་ཀྱི་ཏང་ཨུད་དྲུང་ཆེའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུ་མ་འཚོགས་གོང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཨུད་གཞུང་དོན་ཐིང(ཁང)འདི་ཉིད་ཏང་ཨུད་ཀྱི་ཕྱོགས་བསྡུས་སྡེ་ཚན་ཞིག་ཡིན་པའི་ཆ་ནས་ཏང་ཨུད་ཀྱིས་འགོ་ཁྲིད་ཀྱི་འགན་འཁྲི་སྒྲུབ་པའི་ཇུས་འདོན་ལས་རོགས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རིམ་ཁག་ཏང་ཨུད་གཞུང་དོན་ཐིང(ཁང)གིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འགན་འཁྲི་འཁུར་ཕོད་པ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དུས་རབས་གསར་པར་ཕྱོགས་ནས“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་བ། ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་གཏོང་བ། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། “ཞབས་ཞུ་གསུམ”གྱི་ལས་དོན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཏང་ཐུགས་བློ་བདེ་པོ་ཡོང་བ་དང་མི་དམངས་བློ་ཡིད་ཚིམ་པོ་ཡོང་བའི་མིག་དཔེའི་ལས་ཁུངས་ཤིག་གཏོད་དགོས་པའི་མཛུབ་སྟོན་གནང་བ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ཏིང་ཤུའེ་ཞང་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་སྐབས། རིམ་ཁག་ཏང་ཨུད་གཞུང་དོན་ཐིང(ཁང)གིས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་ཡང་དག་པའི་ངོས་འཛིན་དང་བྱ་སྤྱོད་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། དུས་བབ་གསར་པ་དང་། ལས་འགན་གསར་པ། འགྲན་སློང་གསར་པ་བཅས་དང་འཚམ་པར་བྱས་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་སྔར་བས་དམ་འཛིན་ཡག་པོ་བྱེད་པ་དང་། ལས་ཁུངས་ཀྱི་འགན་ནུས་ལེགས་སུ་གཏོང་བ། ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ། ལས་བྱེད་དཔུང་ཁག་འཛུགས་སྐྱོང་བྱེད་པ་བཅས་བྱས་ཏེ“ཞབས་ཞུ་གསུམ”གྱི་བྱ་གཞག་གསར་གཏོད་འཕེལ་རྒྱལ་འགྲོ་ཆེད་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས་པའི་ནན་བཤད་གནང་བ་རེད།
           ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཨུད་གཞུང་དོན་ཐིང(ཁང)གི་ལས་དོན་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་སྤེལ་རེས་བྱེད་པ་དང་། “ཞབས་ཞུ་གསུམ”གྱི་ལས་དོན་ཆུ་ཚད་མཐོ་རུ་གཏོང་བའི་ལས་འགན་དང་བྱ་ཐབས་ལ་ཞིབ་འཇུག་བྱས་ཏེ། ཏང་ཨུད་གཞུང་དོན་ཐིང(ཁང)གི་ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད་པ་རེད།

  
style="display:none;"