མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུཌ་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན། 
རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་འཛུཌ་སྐྲུན་དུས་རབས་གསར་པའི་
སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ་ཞིག་ཏུ་འགྱུར་བར་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་26ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་10ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་དུས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན་པས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། ལོ་5ཡི་རིང་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ཚད་བརྒལ་བྱེད་ཕོད་པ་བྱས་པས་ལས་དོན་ཐད་འཕེལ་རིམ་གལ་ཆེན་བྱུང་སྟེ་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་མང་དག་ཅིག་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཚོད་ལྟའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་འབྱུང་འགྱུར་ལ་ཕྱོགས་སྐབས་ཕྱོགས་སྡོམ་དང་ཚོད་སྐོར་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག མུ་མཐུད་བསམ་བློར་བཅིངས་འགྲོལ་དང་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་སྤྱི་འདོམས་འཆར་འགོད་དང་སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། དཔེ་ལྟ་ཆོག་པ་དང་ཁྱབ་གདལ་གཏོང་རུང་བའི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཆགས་པ་བྱེད་པ། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ་ཞིག་ཏུ་བསྐྲུན་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད། 
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ལོ་5ཡི་རིང་འབྲེལ་ཡོད་ས་གནས་དང་སྡེ་ཚན་གཞོགས་འདེགས་དམ་ཟབ་བྱས་ཏེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་གཏིང་ཟབ་ཁུལ་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱ་རྒྱུར་སྐུལ་མ་བཏང་ནས་འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་བྱས་ཏེ་ཕྱོགས་མང་པོའི་ཐད་འཕེལ་རིམ་གལ་ཆེན་བྱུང་བ་དང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་དགོས་ངེས་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་པོ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བཅས་བྱས་ཏེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་གསར་གཏོད་ལ་སྐུལ་འདེད་དེ་བས་ཆེ་བ་གཏོང་བ་དང་། གཏིང་ཟབ་པའི་འགལ་བ་དང་གྲུབ་ཆའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་སྒྱུར་བཅོས་ཀྱི་སྤྱི་འདོམས་འཆར་འགོད་དང་མ་ལག་འདུས་གྲུབ་པར་ཤུགས་སྣོན་རྒྱག་པ་དང་ལམ་ལུགས་གསར་གཏོད་ལ་མུ་མཐུད་དམ་འཛིན་ནན་པོ་བྱས་ཏེ་འཕེལ་རྒྱས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་མགྱོགས་མྱུར་ཆགས་པར་བྱེད་པ། ཁྱབ་ཁོངས་དེ་བས་ཆེ་བ་དང་ཐ་ན་རྒྱལ་ཡོངས་སུ་དཔེ་ལྟ་ཆོག་པ་དང་ཁྱབ་གདལ་གཏོང་རུང་བའི་ཉམས་མྱོང་དེ་བས་མང་བ་བསགས་ཏེ་སྒྱུར་བཅོས་སྒོ་དབྱེའི“སྣེ་ཁྲིད་དམག”གི་དཔེ་སྟོན་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"