མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་ལས་རིགས་མི་
སྣ་དང་གཞི་རིམ་མང་ཚོཌ་ཀྱི་འཐུས་མིའི་བཞུཌ་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་22ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་18ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་ལས་རིགས་མི་སྣ་དང་གཞི་རིམ་མང་ཚོགས་འཐུས་མིས《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག་འཐུས་མི་བདུན་གྱིས་རང་ཉིད་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ལི་ཁེ་ཆང་གིས་ནན་ཏན་ངང་གསན་པ་དང་འབྲེལ་ལན་ཧུར་ཐག་བསྐྱོན་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ན་ནིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་དེ་ཐོག་ནས་མི་དམངས་ཀྱི་སྟོབས་ཤུགས་གང་ལེགས་མངོན་ཡོད། འདི་ལོའི་སྲིད་གཞུང་ལས་དོན་ཡག་པོ་སྒྲུབ་དགོས་ན། སྔར་བཞིན་མི་དམངས་མང་ཚོགས་ལ་བརྟེན་ནས་མཉམ་དུ་འབད་འཐབ་བྱེད་དགོས་ལ། ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱས་ནས་དཔལ་འབྱོར་ཆག་པའི་གནོན་ཤུགས་ལ་ཁ་གཏད་གཅོག་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་དམངས་ཀྱི་འདོད་བློ་དང་བསྟུན་རྒྱུ་དེ་སྲིད་ཇུས་ལག་བསྟར་གྱི་ཁ་ཕྱོགས་སུ་བྱེད་དགོས། ཁྱེད་ཚོས་བཏོན་པའི་བསམ་འཆར་ལས་སྤྱི་ཚོགས་ལས་རིགས་ཁག་དང་གཞི་རིམ་མང་ཚོགས་ཀྱི་བསམ་བློ་དང་རེ་སྒུག་མཚོན་ཡོད་པས། སྲིད་གཞུང་གིས་དམངས་འཚོའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཀྲུང་གོ་མཛེས་རིག་སློབ་གླིང་ཨར་སྐྲུན་སྒྱུ་རྩལ་སློབ་གླིང་གི་ཡོན་ཀྲང་ཝང་ཧྲུའུ་ཡིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱད་ལྡན་རྣམ་པ་སྲུང་སྐྱོབ་དང་བཟོ་བོའི་ལག་རྩལ་རྒྱུན་འཛིན་ལས་དོན་ཡག་པོ་སྒྲུབ་པའི་ཐད་གྲོས་འགོ་བཏོན་པ་རེད། ཀྲུང་གོ་རླུང་འཕྲིན་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་ཧྥེང་ཀྲུང་གིས་སྤྱི་ཚོགས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་བརྟེན་ནས་གློག་བརྙན་དང་བརྙན་འཕྲིན་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ལུགས་བཏོན་པ་རེད། ལི་ཁེ་ཆང་གིས་སྤྱི་ཚོགས་བཅོས་སྐྱོང་ཐད་ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས་ལ། རིག་གནས་བློ་སྦྱོང་དང་ཀུན་སྤྱོད་འདུ་ཤེས་ཀྱི་སྟོབས་ཤུགས་འདོན་སྤེལ་བྱེད་དགོས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་དང་དེ་མིན་ཕྱོགས་ཁག་ཚང་མར་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་བཟོ་བོའི་རིག་གནས་ཟབ་གཏོད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་འདེགས་སྐྱོར་དང་མི་རྣམས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་དགོས་ཞེས་གསུངས་པ་རེད།
         པེ་ཅིང་བྱིས་པའི་སྨན་ཁང་གི་ཡོན་ཀྲང་ཉི་ཤིན་གྱིས་བྱིས་པའི་གཅོང་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་རྒྱུར་རྒྱབ་སྐྱོར། རིམས་ནད་སྨན་ཁབ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་ཞིང་། ལི་ཁེ་ཆང་གིས་མིག་སྔའི་རང་རྒྱལ་གྱི་བྱིས་པའི་གཅོང་ནད་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་བ་དང་སྦྲགས་འབྲེལ་ཡོད་སྡེ་ཚན་གྱིས་གོང་གསལ་གནད་དོན་ལ་མགྱོགས་མྱུར་ཞིབ་འཇུག་བྱ་རྒྱུའི་བཀའ་མངགས་གནང་བ་མ་ཟད། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དུས་ཚོད་ཡོལ་བའི་རིམས་ནད་སྨན་ཁབ་རྒྱག་པའི་གནད་དོན་སླར་ཡང་མི་ཐོན་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཀྲུང་གོ་ཐག་ཐུང་འཁྱགས་ཤུད་རུ་ཁག་གི་རུ་དཔོན་ཝུའུ་ཏ་ཆིན་གྱིས་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་ཐད་གྲོས་འགོ་བཏོན་པ་རེད། ལི་ཁེ་ཆང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་གོ་སྐབས་སུ་བྱས་ཏེ་རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། རྩལ་འགྲན་ལུས་རྩལ་དང་མང་ཚོགས་ལུས་སྦྱོང་གཅིག་འདོམས་འཕེལ་རྒྱས་བཏང་ནས་དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
         ཅི་ལིན་ཧྲུའུ་ལན་ནུང་ཧྥུང་ཆུ་འབྲས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཚའེ་ཞུའེ་ཡིས་རང་ཉིད་སློབ་ཆེན་ཐོན་ནས་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་བྱས་པའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་གླེང་བ་དང་འབྲེལ་གྲོང་གསེབ་དར་རྒྱས་ལ་བརྟེན་ནས་ཤེས་ལྡན་མི་སྣར་ལྕག་སྐུལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ཐད་གྲོས་འགོ་བཏོན་པ་རེད། ལི་ཁེ་ཆང་གིས་རྒྱལ་སྤྱིའི་ཉམས་མྱོང་ལ་དཔེ་བལྟས་ནས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ཐོན་ཁུལ་དང་སྤུས་རྟགས་མཚོན་བྱེད་དུ་བྱེད་པ་སོགས་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་རྒྱལ་གྱི་ལྗང་མདོག་སྤུས་ལེགས་ཀྱི་ཞིང་ཞོར་ཐོན་རྫས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ། ཆ་རྐྱེན་བསྐྲུན་ནས་ཞིང་པས་ཡོང་འབབ་གསོག་ཐུབ་པ་བྱེད་དགོས། ཕུགས་བསམ་ལྡན་པའི་གཞོན་ནུ་མང་པོ་ཆེད་ལས་ཞིང་པ་གསར་པར་འགྱུར་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ་གྲོང་གསེབ་ཀྱི་ས་གཞི་ཆེ་མོར་བྱ་གཞག་གཏོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"