མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་གསར་དུ་བསྐོ་གཞག་བྱས་པའི་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་དགུའི་གཞུང་ཚབ་ཆེ་མོ་བས་ཕུལ་
བའི་རྒྱལ་ཁབ་ཀྱི་གཞུང་ཡིག་དང་ལེན་གནང་བ་དང་སྦྲགས་གསར་དུ་བསྐོ་གཞག་བྱས་པའི་ཧྲང་ཧའེ་མཉམ་ལས་
རྩ་འཛུགས་ཀྱི་དྲུང་ཆེར་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 02ཚེས་22ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་གསར་དུ་བསྐོ་གཞག་བྱས་པའི་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་དགུའི་གཞུང་ཚབ་ཆེ་མོ་བས་ཕུལ་བའི་རྒྱལ་ཁབ་ཀྱི་གཞུང་ཡིག་དང་ལེན་གནང་བ་རེད།
         གསར་དུ་བསྐོ་གཞག་བྱས་པའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་དགུ་ནི་ཀྲུང་གོར་བཅའ་སྡོད་སར་ཝ་ཏོལ་གྱི་གཞུང་ཚབ་ཆེ་མོ་བ་ཏུའུ་ལན་དང་། ཀྲུང་གོར་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་ཆེ་མོ་བ་ཐང་ཡུང་ཧྲེང་། ཀྲུང་གོར་བཅའ་སྡོད་ཏུར་མེན་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཏུར་ཐེ་ཡེ་ཕུའུ། ཀྲུང་གོར་བཅའ་སྡོད་ཁ་རེ་ཤེ་ཡའི་གཞུང་ཚབ་ཆེ་མོ་བ་སྨི་ཧའེ་ལིན། ཀྲུང་གོར་བཅའ་སྡོད་ཁེར་གྷི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་པ་ཁེ་ཐེ་ཀུའུ་ལོ་ཝ། ཀྲུང་གོར་བཅའ་སྡོད་ཨེ་ཙེ་ཨོ་ཕི་ཡའི་གཞུང་ཚབ་ཆེ་མོ་བ་ཐེ་ཤའོ་མེ། ཀྲུང་གོར་བཅའ་སྡོད་ཀེ་རེན་ན་ཏའི་གཞུང་ཚབ་ཆེ་མོ་བ་ཏའེ་ཨའེ་མེ། ཀྲུང་གོར་བཅའ་སྡོད་ཁེན་ནི་ཡའི་གཞུང་ཚབ་ཆེ་མོ་བ་སའེ་ལེ་མུའུ། ཀྲུང་གོར་བཅའ་སྡོད་མོ་རི་ཐ་ནི་ཡའི་གཞུང་ཚབ་ཆེ་མོ་བ་ཝུའེ་ལ་ལི་བཅས་རེད།
         ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་གཞུང་ཚབ་ཀྲུང་གོར་གོ་གནས་གསར་པ་འཁུར་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ། ཁོང་ཚོ་བརྒྱུད་རང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མི་དམངས་ལ་ཟོལ་མེད་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རོགས་གསུངས་པ་རེད།
         གཞུང་ཚབ་ཚོས་རང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་དང་། ཀྲུང་གོ་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་བ་རེད།
         ད་དུང་དེ་ཉིན་ཞི་ཅིན་ཕིང་གིས་གསར་དུ་བསྐོ་བཞག་བྱས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ནོ་ལོ་ཕུའུ་དང་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།

  
style="display:none;"