མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་གནམ་གཤིས་བློ་སྟོབས་དབུ་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་14ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་12ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནམ་གཤིས་བློ་སྟོབས་དབུ་ཚོགས་ཐོག་བརྙན་ལམ་བརྒྱུད་དེ་འགོ་བརྗོད་དུ་《སྔ་འཛིན་ཕྱི་གཏོད་ཀྱི་སྒོ་ནས་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་བྱ་ཐབས་གསར་པ་རབ་དང་རིམ་པ་ཁྱབ་བསྒྲགས་གནང་བ།

ཟླ་12ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནམ་གཤིས་བློ་སྟོབས་དབུ་ཚོགས་ཐོག་བརྙན་ལམ་བརྒྱུད་དེ་འགོ་བརྗོད་དུ་《སྔ་འཛིན་ཕྱི་གཏོད་ཀྱི་སྒོ་ནས་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་བྱ་ཐབས་གསར་པ་རབ་དང་རིམ་པ་ཁྱབ་བསྒྲགས་གནང་བ།

    མཉམ་ལས་གཉིས་ཕན་གྱི་གནམ་གཤིས་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་པ་དང་། གང་ནུས་དེ་སྒྲུབ་ཀྱི་གནམ་གཤིས་བཅོས་སྐྱོང་གི་མ་ལག་གསར་པ་ཆགས་པ། ལྗང་མདོག་སླར་གསོའི་གནམ་གཤིས་བཅོས་སྐྱོང་གི་བསམ་ཕྱོགས་གསར་པ་མཐའ་འཁྱོངས་བཅས་བྱ་རྒྱུའི་གྲོས་འགོ་བཏོན་གནང་བ་དང་འབྲེལ་ཀྲུང་གོའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་བྱ་ཐབས་གསར་པ་རབ་དང་རིམ་པ་ཁྱབ་བསྒྲགས་ཀྱང་གནང་བ།
    ཟླ་12ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནམ་གཤིས་བློ་སྟོབས་དབུ་ཚོགས་ཐོག་བརྙན་ལམ་བརྒྱུད་དེ་འགོ་བརྗོད་དུ《སྔ་འཛིན་ཕྱི་གཏོད་ཀྱི་སྒོ་ནས་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་བྱ་ཐབས་གསར་པ་རབ་དང་རིམ་པ་ཁྱབ་བསྒྲགས་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནམ་གཤིས་བློ་སྟོབས་དབུ་ཚོགས་ཐོག་བརྙན་ལམ་བརྒྱུད་དེ་འགོ་བརྗོད་དུ《སྔ་འཛིན་ཕྱི་གཏོད་ཀྱི་སྒོ་ནས་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་བྱ་ཐབས་གསར་པ་རབ་དང་རིམ་པ་ཁྱབ་བསྒྲགས་གནང་བ་རེད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་ལྔའི་གོང་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་ཆབ་སྲིད་ཀྱི་ཆོད་སེམས་དང་བློ་གྲོས་ཆེ་ཤོས་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་མཐུན》འཇོག་རྒྱུར་སྐུལ་འདེད་བཏང་ཡོད། ལོ་ལྔའི་རིང《ཕ་རི་སིའི་གྲོས་མཐུན》ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་རྒྱ་ཁྱབ་ངང་དེའི་ནང་ཞུགས་པ་དང་རྒྱབ་སྐྱོར་བྱས་ཡོད། མིག་སྔར་རྒྱལ་སྤྱིའི་རྣམ་པར་མགྱོགས་མྱུར་འགྱུར་ལྡོག་འགྲོ་བ་དང་ཏོག་གསར་གློ་ཚད་རིམས་ནད་ལས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བར་བསམ་ཞིབ་གཏིང་ཟབ་བྱེད་དགོས་བྱུང་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་གི་མ་འོངས་ལ་དེ་བས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
    ཞི་ཅིན་ཕིང་གིས་གྲོས་འགོ་ཁག་གསུམ་བཏོན་གནང་བ་སྟེ།
   གཅིག་ནི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་ལས་གཉིས་ཕན་གྱི་གནམ་གཤིས་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས་ཤིང་། གནམ་གཤིས་འགྱུར་ལྡོག་འགྲོ་བའི་འགྲན་སློང་གི་མདུན་དུ་མིའི་རིགས་ཀྱི་ལས་དབང་གཅིག་ཏུ་འགྲིལཡོད། རྒྱལ་ཁབ་ཁག་གིས《ཕ་རི་སིའི་གྲོས་མཐུན》ལ་རྒྱབ་སྐྱོར་བྱེད་པ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན།
    གཉིས་ནི་བློ་སྟོབས་ཡར་འཕེལ་གྱིས་གང་ནུས་དེ་སྒྲུབ་ཀྱི་གནམ་གཤིས་བཅོས་སྐྱོང་གི་མ་ལག་གསར་པ་ཆགས་པ་བྱེད་དགོས་ཤིང་། རྒྱལ་ཁབ་ཁག་གིས་ཐུན་མོང་ཡིན་ལ་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་རྒྱལ་ཁབ་སོ་སོའི་ནུས་པ་ལྟར་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་གང་ཐུབ་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་དང་། ལག་རྩལ། ནུས་པ་འཛུགས་སྐྱོང་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།
   གསུམ་ནི་ཡིད་ཆེས་ཆེར་གཏོང་གིས་ལྗང་མདོག་སླར་གསོའི་གནམ་གཤིས་བཅོས་སྐྱོང་གི་བསམ་ཕྱོགས་གསར་པ་མཐའ་འཁྱོངས་བྱེད་དགོས་ཤིང་། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་འབོད་སྐུལ་ཤུགས་ཆེན་བྱས་ཏེ་ལྗང་མདོག་འཕེལ་རྒྱས་གཏོང་རིང་འཕེལ་རྒྱས་ཀྱི་གོ་སྐབས་དང་སྒུལ་ཤུགས་འཚོལ་དགོས་པ་བཅས་རེད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་མཐུན》འཇོག་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། 《ཕ་རི་སིའི་གྲོས་མཐུན》དོན་འཁྱོལ་ཧུར་ཐག་བྱེད་མཁན་ཡང་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་འབུལ་ཤུགས་ཆེ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ངས་སླར་ཡང་ཁྱབ་བསྒྲགས་བྱ་རྒྱུ་ནི་2030ལོར་སླེབས་སྐབས་ཀྲུང་གོའི་རྩིས་གཞིའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་དེ་2005ལོ་ལས་65%ཡན་ཆག་པ་དང་། འགྱུར་རྡོ་མིན་པའི་ནུས་རྒྱུས་སྤྱོད་ཐེངས་གཅིག་གི་ནུས་རྒྱུའི་ཟད་གྲོན་གྱི་བསྡུར་གྲངས་བཟུང་ཚད་25%ཙམ་ཟིན་པ། ནགས་ཚལ་གསོག་ཚད་2005ལོ་ལས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་60མང་དུ་གཏོང་བ། རླུང་གློག་དང་ཉི་ནུས་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་12ཡན་ཟིན་པ་བཅས་བྱ་རྒྱུ་ཡིན། ཀྲུང་གོ་ནི་ཁ་བཤད་ལག་བསྟར་ཐུབ་མཁན་ཞིག་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྣེ་ཁྲིད་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ཕྱོགས་ཡོངས་ནས་ལྗང་མདོག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་གོང་དུ་བརྗོད་པའི་དམིགས་ཚད་ཏན་ཏན་ཏིག་ཏིག་གིས་དོན་འཁྱོལ་བྱས་ཏེ་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན།
    མཇུག་ཏུ་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སའི་གོ་ལ་ནི་མིའི་རིགས་ལ་མཉམ་དུ་དབང་བ་དང་ཁྱིམ་གཞིས་འབའ་ཞིག་དེ་ཡིན། ང་ཚོས་སྔ་འཛིན་ཕྱི་གཏོད་དང་དཔུང་པ་མཉམ་གཤིབ་ཀྱིས《ཕ་རི་སིའི་གྲོས་མཐུན》ལག་བསྟར་བརྟན་པོ་དང་ཡུན་རིང་དོན་འཁྱོལ་བྱ་རྒྱུར་རམ་འདེགས་བྱས་ཏེ་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་རྒྱུ་ཡིན།
   གནམ་གཤིས་བློ་སྟོབས་དབུ་ཚོགས་དེ་མཉམ་འབྲེལ་རྒྱལ་ཚོགས་དང་དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་ཀྱིས་གྲོས་འགོ་བཏོན་ནས་འཚོཌ་པ་ཞིག་རེད། དེའི་དམིགས་ཡུལ་ནི《ཕ་རི་སིའི་གྲོས་མཐུན》བཞག་ནས་ལོ་ལྔ་འཁོར་བར་དྲན་གསོ་ཞུ་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནམ་གཤིས་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུར་སྔར་བས་སྐུལ་སློང་བྱས་ཏེ་ཕྱོགས་མང་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

  
style="display:none;"