མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། ཏུར་མེན་སི་ཐན་ལ་ཡུན་
རིང་བར་གནས་རྒྱལ་ཁབ་ཀྱི་ཐོབ་ཐང་རག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་14ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་ཏུར་མེན་སི་ཐན་ལ་ཡུན་རིང་བར་གནས་རྒྱལ་ཁབ་ཀྱི་ཐོབ་ཐང་རག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ཏུར་མེན་སི་ཐན་ལ་ཡུན་རིང་བར་གནས་རྒྱལ་ཁབ་ཀྱི་ཐོབ་ཐང་རག་ཚུན། འཛམ་གླིང་རྒྱལ་ཁབ་ཁག་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བརྟན་ལྷིང་འཕེལ་རྒྱས་དང་ནང་དོན་ཕུན་སུམ་ཚོགས་པའི་ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ནི་ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་ཐུན་མོང་གི་ཁེ་ཕན་དང་འཚམ་པ་ཞིག་རེད། ངས་ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏུའོ་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"