མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཤིན་ཨན་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་མིར་
འཕྲིན་ལན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་02ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   རང་ངོས་འཚར་ལོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱེད་པ་དང་ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་དུ་གཏོང་དགོས།
   རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོ“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་5ཚེས་30ཉིན་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་ཤིན་ཨན་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་མི་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་དང་འབྲེལ་ཁོང་ཚོ་དང་རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོ་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཡང་ཞུས་གནང་བ་རེད།
    ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཁྱེད་ཚོའི་སློབ་གྲྭ་ནི“ཤིན་ཨན་སྐོར་སྐྱོད་ཚོགས་པའི”མ་ཡུམ་སློབ་གྲྭ་ཡིན་པ་དང་། འཕྲིན་ལན་ནང་ཁྱེད་ཚོས་སློབ་གྲྭའི་གསར་བརྗེའི་ལོ་རྒྱུས་ལ་སྤོབས་སེམས་སྐྱེ་བ་མཚོན་པ་མ་ཟད། ཁྱེད་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་པའི་གྲུབ་འབྲས་ཀྱང་བརྗོད་འདུག་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་སྐབས་དེ་དུས་ཏང་གི་ཐུགས་ཁུར་དང་འགོ་ཁྲིད་འོག“ཤིན་ཨན་སྐོར་སྐྱོད་ཚོགས་པས”དཀའ་ངལ་ལ་མི་སྐྲག་པར་ཀྲུང་གོའི་ས་ཕྱོགས་གང་སར་བསྐྱོད་པ་དང་། རིག་རྩལ་མཚོན་ཆར་བརྩིས་ནས་དམངས་ཚོགས་ལ་རི་འགོག་རྒྱལ་སྐྱོབ་ཀྱི་འབོད་སྐུལ་བྱས་པ་དང་། ཏང་གི་བཞེད་དོན་དྲིལ་བསྒྲགས། རྒྱལ་གཅེས་མདུན་སྐྱོད་ཀྱི་བསམ་པའི་ཉམས་འགྱུར་མངོན་པ་བཅས་བྱས་ཡོད། ཁྱེད་ཚོས་རང་ངོས་འཚར་ལོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱེད་པ་དང་དཔའ་བོ་དཔེ་བཟང་མི་སྣ་མིག་དཔེར་བྱས་ཏེ་ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་དུ་གཏོང་བ་དང་། སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ། ཕུགས་བསམ་འཛུགས་པ། ཀུན་སྤྱོད་ཞུན་བརྡར། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    ཤིན་ཨན་སློབ་ཆུང་ནི་མི་དམངས་སློབ་གསོ་མཁས་ཅན་ཐའོ་ཞིན་ཀྲི་ཡིས་1929ལོར་བཙུགས་པ་ཞིག་ཡིན་ཞིང་། 1935ལོའི་ཟླ་10པར་སློབ་གྲྭ་དེའི་སློབ་མ་14ཡིས“ཤིན་ཨན་སྐོར་སྐྱོད་ཚོགས་པ”བཙུགས་ཏེ་རིག་རྩལ་མཚོན་ཆར་བརྩིས་ནས་རི་འགོག་རྒྱལ་སྐྱོབ་དྲིལ་བསྒྲགས་བྱས། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ་སོགས་གསར་བརྗེ་པ་རྒན་རབས་ཚོའི་ཐུགས་ཁུར་དང་མཛུབ་ཁྲིད་འོག“ཤིན་ཨན་སྐོར་སྐྱོད་ཚོགས་པས”ཏང་གི་བཞེད་དོན་དྲིལ་བསྒྲགས་ཧུར་ཐག་བྱས་ཤིང་། དུས་ཡུན་ལོ་17རིང་ལམ་ཐག་ལེ་དབར་ཁྲི་5ལྷག་ཙམ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་22སུ་བསྐྱོད་ནས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་རྒྱལ་ཡོངས་བཅིངས་འགྲོལ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཉེ་ཆར་ཤིན་ཨན་སློབ་ཆུང་ལོ་རིམ་ལྔ་པའི་འཛིན་གྲྭ(8)པའི་རུ་འབྲིང་གི་ལོ་ཆུང་གདོང་ལེན་རུ་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་སློབ་གྲྭའི་ལོ་རྒྱུས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་པའི་གྲུབ་འབྲས་དང་མྱོང་ཚོར་སྙན་སེང་ཞུས་ཏེ་གསར་བརྗེའི་ས་བོན་རྒྱུན་འཛིན་དང་དུས་རབས་གསར་པའི་ན་གཞོན་ཡག་པོ་ཞིག་བྱེད་པའི་ཆོད་སེམས་མཚོན་པར་བྱས་ཡོད།

  
style="display:none;"