མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་མི་སྣའི་དབུ་ཚོགས་ལ་
ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་08ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་7ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་མི་སྣའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ།

འདི་ནི་ཟླ་7ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་མི་སྣའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་འབྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་མི་སྣའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ། 《སྲིད་ཏང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་དུ་མི་དམངས་ཀྱི་བདེ་སྐྱིད་དོན་གཉེར་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་ནས། མིའི་རིགས་ཀྱི་ཡར་ཐོན་ལ་སྐུལ་འདེད་གཏོང་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་སྲིད་ཏང་གིས་ཡང་དག་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་དམིགས་ཏེ། མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་མིའི་རིགས་ཀྱི་ཡར་རྒྱས་དོན་གཉེར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས་ཞེས་ནན་བཤད་གནང་བ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    དང་ཐོག་ཞི་ཅིན་ཕིང་གིས་བཞེད་དོན་གཙོ་བོའི་གསུང་བཤད་གནང་ཞིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་ཚུན་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རྒྱུན་མཐུད་འབད་འཐབ་བྱས་ནས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོ་ཆགས་པ་དང་སྟོབས་ཆེར་ཕྱིན་པའི་བར་གྱི་རླབས་ཆེན་འཕུར་མཆོང་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་ལས་དབང་གཅིག་མཐུན་མཐའ་འཁྱོངས་བྱས་ཏེ་འཛམ་གླིང་གི་དུས་བབ་དང་དུས་རབས་ཀྱི་རླབས་རྒྱུན་ཁྲོད་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་སྐྱོད་ཁ་ཕྱོགས་སྟངས་འཛིན་དང་རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཆ་མིའི་རིགས་ཀྱི་སྤྱི་ཚོགས་ལ་སླར་ཡང་འགྲོ་ཕྱོགས་ཆ་མི་འཚལ་བའི་ལོ་རྒྱུས་ཀྱི་དུས་སྐབས་འཕྲད་ཡོད་པས། གདམ་ག་བྱེད་དབང་ང་ཚོའི་ལག་ཏུ་ཡོད་ལ། འགན་འཁྲི་ཡང་ང་ཚོའི་ཕྲག་ཏུ་བབས་ཡོད། ཐུན་མོང་གི་འགྲན་སློང་གི་མདུན་དུ་མིའི་རིགས་ལ་ཕན་ཚུན་ཕྱར་བ་གྲུ་འདེགས་དང་ཕན་ཚུན་མཉམ་གནས་ཀྱི་འགྲོ་ལམ་དེ་ཁོ་ན་ལས་མེད། མིའི་རིགས་ཡར་ཐོན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་སྲིད་ཏང་གིས་ཡང་དག་པའི་ཁ་ཕྱོགས་ལ་དམིགས་ཏེ་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས་པ་སྟེ།
    དང་པོ། ང་ཚོས་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པའི་འགན་འཁྲི་འཁུར་ནས་མིའི་རིགས་ཀྱི་ཐུན་མོང་འབྱུང་འགྱུར་སྟངས་འཛིན་དང་གཏོད་ཐུབ་པ་བྱེད་དགོས། དུས་རབས་ཆེན་པོར་གནས་བབ་ཆེན་པོ་དགོས་པ་དང་གནས་བབ་ཆེན་པོས་བློ་རྒྱ་ཆེན་པོ་རེ་འབོད་བྱེད་བཞིན་ཡོད། ང་ཚོས་མི་དམངས་ཀྱི་འབོད་སྒྲ་ཉན་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ། རྒྱལ་ཁབ་ཁག་གིས་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཁེ་ཕན་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་གཅིག་གྱུར་ཡོང་བར་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།
    གཉིས་པ། ང་ཚོས་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱི་འགན་འཁྲི་ཁུར་ནས་ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་བརྟན་པོར་སྲུང་བ་དང་དར་སྤེལ་གཏོང་དགོས། ང་ཚོས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་ཁོང་ཡངས་དཀྱེལ་ཆེས་ཤེས་དཔལ་མི་འདྲ་བས་རིན་ཐང་གི་གོ་དོན་ལ་ངོས་འཛིན་མི་འདྲ་བ་བྱེད་པར་གོ་བ་ལེན་པ་དང་། རྒྱལ་ཁབ་མི་འདྲ་བའི་མི་དམངས་ཀྱིས་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་འཚོལ་ཞིབ་བྱེད་པར་བརྩི་འཇོག་བྱས་ཏེ་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ཞིབ་ཅིང་ཕྲ་བ་དང་དངོས་ཡོད་ཀྱི་སྒོ་ནས་རྒྱལ་ཁབ་དེ་རང་གི་མི་དམངས་ཀྱི་ཁེ་ཕན་མངོན་འགྱུར་བྱེད་པའི་ལག་ལེན་ཁྲོད་མངོན་པར་བྱེད་དགོས།
    གསུམ་པ། ང་ཚོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་འདྲ་མཉམ་ངང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་སྐྲུན་ཐུབ་པར་བྱེད་དགོས། མིའི་རིགས་ཀྱིས་བདེ་སྐྱིད་དོན་གཉེར་བྱེད་པའི་ལམ་བུའི་ཐོག་རྒྱལ་ཁབ་དང་མི་རིགས་གཅིག་ཀྱང་ལུས་མི་རུང་། འཛམ་གླིང་ཐོག་གི་རྒྱལ་ཁབ་དང་མི་རིགས་ཡོད་དོ་ཅོག་གིས་འདྲ་མཉམ་གྱི་འཕེལ་རྒྱས་གོ་སྐབས་དང་ཁེ་དབང་ལོངས་སྤྱོད་ཐུབ་པ་བྱེད་དགོས། རྒྱལ་ཁབ་གཞན་གྱི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བ་དང་རྒྱལ་ཁབ་གཞན་གྱི་མི་དམངས་ཀྱི་འཚོ་བར་གནོད་འཚེ་གཏོང་རྒྱུའི་འཇིགས་སྣང་སྐུལ་བའི་ཆབ་སྲིད་ཀྱི་བྱེད་སྤྱོད་གང་རུང་ཚང་མ་མི་སེམས་ལ་མི་བབས་པ་ཞིག་རེད་ལ། མཐར་ངལ་བ་འབྲས་མེད་དུ་འགྱུར་ངེས་རེད།
    བཞི་པ། ང་ཚོས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་འགན་འཁྲི་འཁུར་ནས་མཉམ་དུ་ལག་གདང་སྦྲེལ་ཏེ་གོ་ལ་ཧྲིལ་པོའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་དགོས། ང་ཚོས་ཚན་རིག་དང་མཐུན་པའི་ཐབས་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་དང་། མཐུན་སྒྲིལ་མཉམ་ལས་དར་སྤེལ་གཏོང་བ། རིམས་ནད་ཆབ་སྲིད་ཅན་ལ་འགྱུར་རྒྱུར་ངོ་རྒོལ་བཅས་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས། མཉམ་ལས་ལ་བརྟེན་ནས་བདེ་འཇགས་དང་བརྟན་ལྷིང་དོན་གཉེར་བྱས་ཏེ་ཐུན་མོང་ཐོག་བདེ་འཇགས་ཀྱི“ར་སྐྱོར”བརྟན་དུ་གཏོང་དགོས། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ་ལྗང་མདོག་གི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས། འགན་འཁྲི་འཁུར་ཕོད་པ་དང་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གནས་ལུགས་དོན་གཉེར་བྱེད་དགོས།
    ལྔ་པ། ང་ཚོས་བཅོས་སྐྱོང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བའི་འགན་འཁྲི་འཁུར་ནས་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བདེ་སྐྱིད་ཕྱོགས་སུ་སྐྱོད་པའི་ལམ་བུ་འདྲ་གི་མེད། རྒྱལ་ཁབ་ཁག་གི་མི་དམངས་ལ་རང་ཉིད་ཀྱི་འཕེལ་རྒྱས་ལམ་བུ་དང་ལམ་ལུགས་ཀྱི་བྱེད་ཐབས་གདམ་ག་བྱེད་པའི་དབང་ཆ་ཡོད། དེ་ནི་མི་དམངས་བདེ་སྐྱིད་ཡོང་བའི་ལྡན་དགོས་ངེས་ཀྱི་དོན་སྙིང་ཉག་ཅིག་ཡིན། རྒྱལ་ཁབ་གཅིག་དམངས་གཙོ་ཡིན་མིན་དེ་རྒྱལ་ཁབ་དེའི་མི་དམངས་ཀྱིས་ཤན་འབྱེད་བྱེད་པ་ལས། མི་ཉུང་ཤས་ཀྱིས་བཤད་པར་ཆ་འཇོག་བྱེད་མི་རུང་། ང་ཚོས་སྤེལ་རེས་དང་ཕན་ཚུན་མྱོང་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་དེ་གའི་རྒྱལ་བབ་དང་འཚམ་པའི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་བྱ་བ་ཡག་པོ་བསྒྲུབས་ནས་ཀྲུང་གོ་མི་དམངས་དུང་ཕྱུར་14ལྷག་ཙམ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་པ་དང་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ནམ་ཡང་འགྱུར་བ་མེད་པའི་འབད་འཐབ་ཀྱི་དམིགས་ཚད་ཅིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཡངས་ཤིང་རྒྱ་ཆེ་བའི་ཡུལ་དུས་ཀྱི་ཟུར་ཚད་ཐོག་ནས་མི་རིགས་བསྐྱར་དར་དང་མིའི་རིགས་ཡར་ཐོན་གྱི་གཏིང་ཟབ་པའི་བརྗོད་གཞིར་བསམ་གཞིག་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་མཉམ་དུ་འབད་བརྩོན་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན།
    —— ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མིའི་རིགས་ཀྱིས་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཐམས་ཅད་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱས་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་འོད་ཟེར་སྟོང་ལྡན་གྱི་ལམ་ཆེན་དེར་བསྐྱོད་ནས་རང་ངོས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་རྒྱུ་ཡིན།
    —— ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་འཛམ་གླིང་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བར་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་གོ་ལ་ཅན་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཕན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་ཁྲིད་སྟོན་བྱེད་འདོད་ཡོད། སྤུས་ཚད་མཐོ་བའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་ཆེད་ལས་ཀ་འཕར་མ་བྱས་ཏེ། རྒྱལ་ཁབ་དང་དམངས་ཚོགས་དེ་བས་མང་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན།
   —— ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཆེན་པོ་དང་ཏང་ཆེན་པོའི་འགན་འཁྲི་བསྒྲུབས་ཏེ། མིའི་རིགས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན། དབུལ་ཕོངས་སེལ་རྒྱུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ། རྒྱལ་ཁབ་ཁག་གི་སྲིད་ཏང་གིས་འབད་བརྩོན་ཆེན་པོས་མངོན་འགྱུར་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་འདོད་ཡོད། ཀྲུང་གོས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན།
    —— ཀྲུང་གོ་གུང་ཁྲན་ཏང་གིས་གོ་ལ་ཧྲིལ་པོ་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་མཉམ་དུ་ལག་གདང་སྦྲེལ་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན། རྒྱལ་སྤྱིའི་སྒྲིག་སྲོལ་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་ཁས་ལེན་པའི་སྒྲིག་སྲོལ་ཞིག་ཡིན་དགོས་པ་ལས་མི་ཉུང་ཤས་ཤིག་གིས་བཟོས་པ་ཞིག་ཡིན་མི་རུང་། ང་ཚོས་ཕྱོགས་མང་རིང་ལུགས་ཀྱི་མིང་ཐོག་ནས་ཕྱོགས་རྐྱང་རིང་ལུགས་དོན་དུ་གཉེར་བའི་བྱེད་སྤྱོད་སྣ་ཚོགས་ལ་མཉམ་དུ་ངོ་རྒོལ་བྱེད་དགོས། ཀྲུང་གོ་ནི་ནམ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེ་མོའི་ཁོངས་མི་ཞིག་ཡིན་པས། རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་ཁྲོད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་རྒྱུར་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱ་རྒྱུ་ཡིན།
    ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་རྒྱལ་ཁབ་ཁག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་དང་མཉམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་མིའི་རིགས་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
   ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཙུང་ཐུང་ལཱ་མཱ་ཧྥུའུ་ས་དང་། ཧ་སག་སི་ཐན་གྱི“མེས་རྒྱལ་གྱི་འོད་ཟེར”ཏང་གི་ཀྲུའུ་ཞི་ཙུང་ཐུང་གི་འགན་འཁུར་ཐེངས་དང་པོ་ཡིན་པའི་ནཱ་ཀྲར་པ་ཡེ་ཧྥུའུ། ཨུ་རུ་སུ་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མེ་ཏེ་ཝེ་ཅེ་ཧྥུའུ། ཨ་ཀེན་ཐིན་དྲང་བདེན་ཏང་གི་ཀྲུའུ་ཞི་ཙུང་ཐུང་ཧྥེར་ནན་ཏེ་སི། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སེ-ཁ་ནེར། ཧྥི་ལི་ཕིན་དམངས་གཙོའི་མི་དམངས་སྟོབས་ཤུགས་ཏང་གི་ཀྲུའུ་ཞི་ཙུང་ཐུང་ཏུའུ་ཐེར་ཐེ། ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་དབུ་བཞུགས་བློན་ཆེན་ཧུང་སེན། ཙམ་པབ་ཝེའི་ཨ་ཧྥེ་རི་ཁ་མི་རིགས་མནའ་འབྲེལ་—རྒྱལ་གཅེས་འཐབ་ཕྱོགས་ཀྱི་ཀྲུའུ་ཞི་དང་ཧྲུའུ་ཅི་དང་པོ་དང་ཙུང་ཐུང་གཅིག་ལྕོགས་མུའུ་ནན་ཅ་ཀུའུ་ཝ། ཕ་ལེ་སི་ཐན་གྱི་ཧྥ་ཐ་ཧེའི་ཀྲུའུ་ཞི་ཙུང་ཐུང་ཨ་པ་སི། སེར་པི་ཡའི་མདུན་སྐྱོད་ཏང་གི་ཀྲུའུ་ཞི་ཙུང་ཐུང་ཝུའུ་ཆི་ཆི། ཕ་ཁི་སི་ཐན་དྲན་བདེན་ལས་འགུལ་ཏང་གི་ཀྲུའུ་ཞི་ཙུང་ལི་དབྱི་མུའུ་ལན·ཧན། མོ་ཙམ་པི་ཁེའི་བཅིངས་འགྲོལ་འཐབ་ཕྱོགས་ཏང་གི་ཀྲུའུ་ཞི་ཙུང་ཐུང་ཉིའུ་ཤིས། ན་སྨི་པི་ཡའི་མི་དམངས་རྩ་འཛུགས་ཏང་གི་ཀྲུའུ་ཞི་ཙུང་ཐུང་ཀེན་ཀེ་པུའུ། ཁོང་ཀོ་ངལ་རྩོལ་ཏང་གི་ཀྲུའུ་ཞི་ཁོང་ཀོའི་ཙུང་ཐུང་སཱ་སུའུ། སི་རི་ལན་ཁའི་མི་དམངས་འཐབ་ཕྱོགས་ཏང་གི་གཙོ་འཛིན་ཙུང་ཐུང་མཱ་ཤིན་ཏ·ལཱ་ཅ་ཕ་ཁེ་སཱ། པོ་ལི་ཝེ་ཡའི་སྤྱི་ཚོགས་རིང་ལུགས་བརྩོན་ལེན་ལས་འགུལ་གྱི་ཀྲུའུ་ཞི་ཙུང་ཐུང་ཟུར་པ་མོ་ལཱ་ལའེ་སི། མོ་རོ་ཁོའི་དྲང་གཞག་དང་འཕེལ་རྒྱས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དབུ་བཞུགས་བློན་ཆེན་ཨའོ་སེ་མན་ཉི། ལྷོ་སུའུ་ཏན་གྱི་སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་གྱི་ཀྲུའུ་ཞི་ཙུང་ཐུང་ཅིར་དང་སྤྱི་ཚོགས་ཏང་གི་རྒྱལ་སྤྱིའི་ཀྲུའུ་ཞི་ཕཱ་ཕན་ཏེ་ལི་ཨོ། སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་སེན་ཐེ་ལི་ཡཱ་སོགས་ཀྱིས་དབུ་ཚོགས་ཐོག་ཤིས་ཚིག་གསུངས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱ་ཡི་སྤྱིར་བཏང་མིན་པའི་ལོ་རྒྱུས་ལམ་བུར་ཚད་མཐོའི་གདེང་འཇོག་དང་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱབ་ཁོངས་ཁག་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་ཆེན་པོ་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞེད་དོན་གཙོ་བོའི་གསུང་བཤད་ཁྲོད་བཏོན་གནང་བའི་སྲིད་ཇུས་བཞེད་དགོངས་དང་ལེན་ཧུར་ཐག་ཞུས་ཏེ། སྲིད་ཏང་གིས་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་འགན་འཁྲི་འཁུར་བ་དང་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་མཉམ་དུ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

འདི་ནི་ཟླ་7ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་མི་སྣའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ།
འདི་ནི་ཟླ་7ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་མི་སྣའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ།

  
style="display:none;"