མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལྷོ་ལྷོ་མཉམ་ལས་རོགས་སྐྱོར་ཐེབས་རྩ་དང་ལྷོ་ལྷོ་མཉམ་ལས་དང་འཕེལ་རྒྱས་སློབ་གླིང་བཙུགས་ནས་
ལོ་5འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་10ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ལྷོ་མཉམ་ལས་རོགས་སྐྱོར་ཐེབས་རྩ་དང་ལྷོ་ལྷོ་མཉམ་ལས་དང་འཕེལ་རྒྱས་སློབ་གླིང་བཙུགས་ནས་ལོ་5འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
    ཞི་ཅིན་ཕིང་གིས་ལོ་5ཡི་རིང་། ལྷོ་ལྷོ་མཉམ་ལས་རོགས་སྐྱོར་ཐེབས་རྩས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་དང་། མི་ཆོས་ཉམས་ཉེན་ལ་ཁ་གཏད་གཅོག་པ།
    དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་མངོན་འགྱུར་ཡོང་བ་བཅས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་། ལྷོ་ལྷོ་མཉམ་ལས་དང་འཕེལ་རྒྱས་སློབ་གླིང་གིས་ཀྲུང་གོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་མཉམ་སྤྱོད་ལ་གཞོལ་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྲིད་གཞུང་དོ་དམ་གྱི་ཤེས་ལྡན་པ་རྩེ་གྲ་གསོ་སྐྱོང་བྱས་པ་མ་ཟད། ཐེབས་རྩ་དང་སློབ་གླིང་གིས་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཡང་བཏོན་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། ཀྲུང་གོས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་ལྷོ་ལྷོ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་སྤེལ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད། ལྷོ་ལྷོ་མཉམ་ལས་རོགས་སྐྱོར་ཐེབས་རྩས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་མུ་མཐུད་རོགས་རམ་བྱེད་པ་དང་། ལྷོ་ལྷོ་མཉམ་ལས་དང་འཕེལ་རྒྱས་སློབ་གླིང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་རྟེན་གཞི་དང་ཞིབ་འཇུག་སྤེལ་རེས་ལས་སྟེགས་མུ་མཐུད་ཡག་པོ་བཙུགས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
    ལྷོ་ལྷོ་མཉམ་ལས་རོགས་སྐྱོར་ཐེབས་རྩ་དང་ལྷོ་ལྷོ་མཉམ་ལས་དང་འཕེལ་རྒྱས་སློབ་གླིང་བཙུགས་ནས་ལོ་5འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དེ་ཉིན་པེ་ཅིང་དུ་སྤེལ་བ་དང་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་དང་ཚོང་དོན་པུས་ཐུན་མོང་ཐོག་གཉེར་བ་ཞིག་རེད།

  
style="display:none;"