མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེས་བརྙན་ལམ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་11ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེས་བརྙན་ལམ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་དང་དེ་བཞིན་ཀྲུང་གོའི་མི་དམངས་ལ་ཐུགས་རྗེ་ཆེ་དང་འཚམས་འདྲི་ཞུས་གནང་བ་རེད།
    ཏུའུ་ཁེས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཁོ་ལོམ་པི་ཡ་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལྷག་པར་དུ་ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་ཕྱོགས་ཀྱི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་ཐག་སྔར་བས་དམ་དུ་བཏང་བ་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡར་དངོས་ཟོག་ཞལ་འདེབས་རྒྱག་པ་དང་། ལག་རྩལ་ཐད་རོགས་སྐྱོར་བྱེད་པ། ཁོ་ལོམ་པི་ཡའི་རིམས་འགོག་སྨན་ཁབ་ཉོ་སྒྲུབ་བཅས་ཐད་རོགས་རམ་དང་སྟབས་བདེ་བསྐྲུན་པར་ཁོ་ལོམ་པི་ཡ་ཕྱོགས་ཀྱིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཏུའུ་ཁེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདི་ལོའི་ཟླ་3པར་ཁོ་ལོམ་པི་ཡའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་གསུང་བཤད་གནང་བ་དེ་ཁོ་ལོམ་པི་ཡའི་མི་དམངས་ཀྱིས་ནམ་ཡང་བློ་ལ་བརྟན་པོར་ངེས་རྒྱུ་ཡིན། རིམས་ནད་ཀྱིས་ང་ཚོའི་དབར་གྱི་བར་ཐག་རིང་དུ་བཏང་མོད། འོན་ཀྱང་ཕྱོགས་གཉིས་པོའི་མི་དམངས་ཀྱིས་མཐུན་སྒྲིལ་བྱས་ནས་རིམས་ནད་འགོག་བཅོས་བྱས་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཏེ་ཁོ་ཀྲུང་འབྲེལ་བ་དེ་རིམས་ནད་རྗེས་ཀྱི་དུས་རབས་སུ་རྣམ་པ་གསར་རྐྱང་ཞིག་ཐོན་རྒྱུ་རེད་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པ་ལྟར་རྒྱལ་ཁབ་གཉིས་པོའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་ཡང་སླེབས་རྒྱུ་རེད། མཇུག་ཏུ་ཀྲུང་གོ་དར་རྒྱས་གོང་འཕེལ་དང་། མི་དམངས་ཁམས་བཟང་། སྤྱི་ཚོགས་ཞི་མཐུན་བཅས་ཡོང་བའི་སྨོན་འདུན་ཟབ་མོ་ཞུ་རྒྱུ་ཡིན།

  
style="display:none;"