མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པ་པེ་ཅིང་དུ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། 
ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོ་བཅས་མཇུག་འགྲིལ་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 02ཚེས་22ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་2ཚེས་20ཉིན་གྱི་དགོང་མོ། དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་མཇུག་འགྲིལ་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོས་ཀྲུའུ་ཞི་སྡིངས་ཆའི་ཐོག་ནས་ཚང་མར་ཕྱག་གཡུག་གཡུག་གནང་བཞིན་པ།

ཟླ་2ཚེས་20ཉིན་གྱི་དགོང་མོ། དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་མཇུག་འགྲིལ་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོས་ཀྲུའུ་ཞི་སྡིངས་ཆའི་ཐོག་ནས་ཚང་མར་ཕྱག་གཡུག་གཡུག་གནང་བཞིན་པ།

     ■ 2008ལོར་ལོ་བརྒྱའི་ཨོ་རྩལ་འགྲན་ཚོགས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ་ནས་2022ལོར་སླང་ཡར་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་གཉེར་བའི་བར་པེ་ཅིང་འདི་ཉིད་ལོ་རྒྱུས་ཐོག“ཨོ་རྩལ་འགྲན་ཚོགས་ཐེངས་གཉིས་གཉེར་བའི་གྲོང་ཁྱེར”ཐོག་མ་དེར་གྱུར། འདས་ཟིན་པའི་ཉིན་16རིང་། པེ་ཅིང་གིས་རྩལ་འགྲན་ལུས་རྩལ་གྱི་གཟི་བརྗིད་དང་ཕུགས་འདུན་གྱི་དཔང་པོ་བྱས་པ་མ་ཟད། མིའི་རིགས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་མཛའ་གྲོགས་ཀྱང་གཅིག་སྡུད་བྱས་ཡོད། ཨ་ལོང་ལྔ་སྦྲེལ་གྱི་དར་ཆའི་འོག་རྒྱལ་ཁབ་དང་ས་ཁུལ་91ནས་ཕེབས་པའི་ལུས་རྩལ་པ་3000ཙམ་གྱིས་འབད་འཐབ་ལྷོད་མེད་དང་། འགྲན་སློང་ལ་གཏུགས་ཕོད་པ། རང་ཉིད་ལས་རྣམ་པར་རྒྱལ་བ་བཅས་བྱས་ནས་འཛམ་གླིང་གི་ཟིན་ཐོ་2དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་17གསར་དུ་བཏོད་དེ“དེ་བས་མྱུར་བ་དང་། དེ་བས་མཐོ་བ། དེ་བས་སྟོབས་དང་ལྡན་པ། དེ་བས་མཐུན་སྒྲིལ”བཅས་ཀྱི་ངོ་མཚར་གྱི་ལེའུ་བརྩམས་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་དགོང་མོ། དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་མཇུག་འགྲིལ་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོ་བཅས་མཇུག་འགྲིལ་མཛད་སྒོར་ཞུགས་ཡོད་པ་རེད།
     2008ལོར་ལོ་བརྒྱའི་ཨོ་རྩལ་འགྲན་ཚོགས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ་ནས་2022ལོར་སླང་ཡར་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་གཉེར་བའི་བར་པེ་ཅིང་འདི་ཉིད་ལོ་རྒྱུས་ཐོག“ཨོ་རྩལ་འགྲན་ཚོགས་ཐེངས་གཉིས་གཉེར་བའི་གྲོང་ཁྱེར”ཐོག་མ་དེར་གྱུར། འདས་ཟིན་པའི་ཉིན་16རིང་། པེ་ཅིང་གིས་རྩལ་འགྲན་ལུས་རྩལ་གྱི་གཟི་བརྗིད་དང་ཕུགས་འདུན་གྱི་དཔང་པོ་བྱས་པ་མ་ཟད། མིའི་རིགས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་མཛའ་གྲོགས་ཀྱང་གཅིག་སྡུད་བྱས་ཡོད། ཨ་ལོང་ལྔ་སྦྲེལ་གྱི་དར་ཆའི་འོག་རྒྱལ་ཁབ་དང་ས་ཁུལ་91ནས་ཕེབས་པའི་ལུས་རྩལ་པ་3000ཙམ་གྱིས་འབད་འཐབ་ལྷོད་མེད་དང་། འགྲན་སློང་ལ་གཏུགས་ཕོད་པ། རང་ཉིད་ལས་རྣམ་པར་རྒྱལ་བ་བཅས་བྱས་ནས་འཛམ་གླིང་གི་ཟིན་ཐོ་2དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་17གསར་དུ་བཏོད་དེ“དེ་བས་མྱུར་བ་དང་། དེ་བས་མཐོ་བ། དེ་བས་སྟོབས་དང་ལྡན་པ། དེ་བས་མཐུན་སྒྲིལ”བཅས་ཀྱི་ངོ་མཚར་གྱི་ལེའུ་བརྩམས་ཡོད། ཀྲུང་གོས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ་སྟབས་བདེ་དང་། བདེ་འཇགས། ངོ་མཚར་བཅས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཤིག་གཉེར་ཆེད་འབད་བརྩོན་ཆེན་པོ་བྱས་པ་དང་རྩེར་སོན་གྱི་འགྲན་རའི་སྒྲིག་བཀོད་དང་ཕུལ་བྱུང་གི་སྒྲིག་འཛུགས་ཞབས་ཞུའི་ལས་དོན་ལ་ཨོ་ལིམ་ཕིག་ཁྱིམ་ཚང་ཆེ་མོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། ཀྲུང་གོའི་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ་9དང་། དངུལ་གྱི་རྟགས་མ་4 ཟངས་ཀྱི་རྟགས་མ་2བཅས་བླངས་ནས་སྐབས་རྐྱང་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་གསེར་གྱི་རྟགས་མའི་ཁ་གྲངས་དང་གཟེངས་བསྟོད་རྟགས་མའི་ཁ་གྲངས་ཀྱི་ཟིན་ཐོ་གཉིས་བཏོད་པ་མ་ཟད། གསེར་གྱི་རྟགས་མའི་ཨང་རིམ་ནང་ཨང་གསུམ་པར་སླེབས་ནས་1980ལོར་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ཚུན་གྱི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།
     《ཞི་བདེ། ལས་དབང་གཅིག་མཐུན་འདུས་གྲུབ》ཀྱི་རོལ་དབྱངས་ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པཱ་ཧོ་སོགས་དང་ལྷན་དུ་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ཏེ་ལྟད་མོ་བ་ཚོར་ཕྱག་གཡུག་གཡུག་གནང་བས། ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།
     ཆུ་ཚོད་20ཏག་ཏག་ལ་མཇུག་འགྲིལ་མཛད་སྒོ་འགོ་ཚུགས་འཁྲབ་སྟོན《བཀྲག་མདངས》ཞེས་པའི་འཁྲབ་སྟོན་འགོ་ཚུགས། ཕྲུ་གུ་ཚོས་ལག་ཏུ་ཁ་བའི་འདབ་མས་རྒྱན་པའི་ལྒང་བཞུ་འཁྱེར་ནས་དང་པོའི་བཅོ་ལྔའི་དུས་ཆེན་སྐབས་ལྒང་བཞུ་རྩེ་བའི་སྲོལ་རྒྱུན་ཐོག་ནས་འགྲན་རའི་ཐོག“དགུན”ཞེས་པའི་ཡིག་འབྲུའི་ཚོགས་རྟགས་བཟོས།
     ཚང་མ་ཡར་བཞེངས་ནས་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་སྒྲའི་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས།
     འགྲན་རའི་ཐོག་ཀྲུང་གོའི་བཀྲ་ཤིས་དར་མདུད་རི་མོ་མངོན་པ་དང་དར་ཆ་སྒྲེང་མཁན་ཚོས་སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་མཁན་འཐུས་མི་ཚོགས་པ་91གི་དར་ཆ་འཁྱེར་ནས་འགྲན་རར་བསྐྱོད། དེ་རྗེས《དགའ་སྤྲོའི་བསྟོད་གླུ》ཞེས་པའི་སྙན་འཇེབས་རོལ་དབྱངས་དཀྲོལ། ལུས་རྩལ་པའི་འཐུས་མི་ཚོགས་རར་འཛུལ་སྐབས། ཚོགས་ར་ཡོངས་ཀྱི་ལྟད་མོ་བ་ཚོས་དགའ་བསུ་དང་དགའ་འབོད་བྱས་ཏེ་ལུས་རྩལ་པ་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྙིང་དབུས་ནས་གུས་འདུད་ཞུས་པ་རེད།
     བརྙན་ཤེལ་ཆེན་པོའི་ཐོག་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་བརྙན་ཐུང《དད་སེམས་ཀྱི་སྟོབས་ཤུགས》ཞེས་པ་བསྟན་ནས“དེ་བས་མྱུར་བ་དང་། དེ་བས་མཐོ་བ། དེ་བས་སྟོབས་དང་ལྡན་པ། དེ་བས་མཐུན་སྒྲིལ”བཅས་ཀྱི་ཨོ་ལིམ་ཕིག་གི་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་པར་བྱས།
     དེ་རྗེས་ཀེ་རི་སེའི་རྒྱལ་དར་བསྒྲེངས་ནས་ཀེ་རི་སེའི་རྒྱལ་གླུ་དཀྲོལ་བའི་མཛད་སྒོ་འཚོགས།
     ཧོ་པེ་ཧྥུའུ་ཕིན་རི་ཁུལ་ནས་ཡོང་བའི་ཕྲུ་གུ་ཚོས་སླར་ཡང་ཨོ་ལིམ་ཕིག་གི་ཚོགས་གླུ་བླངས་པ་དང་ཚོགས་གླུའི་སྒྲའི་ཁྲོད་ཨོ་ལིམ་ཕིག་གི་ཚོགས་དར་དལ་བུས་ཕབ།
     ཨོ་ལིམ་ཕིག་གི་ཚོགས་དར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འགོ་ཚུགས་ཤིང་། པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་ཁྲེན་ཅེ་ཉིང་གིས་ཨ་ལོང་ལྔ་སྦྲེལ་གྱི་དར་ཆ་གཡུག་གཡུག་གནང་རྗེས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོའི་ཕྱག་ཏུ་ཕུལ། 
     པཱ་ཧོས་ཚོགས་དར་སྐབས་རྗེས་མའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཙོ་གཉེར་གྲོང་ཁྱེར་དབྱི་ཐ་ལིའི་སྨི་ལན་གྲོང་ཁྱེར་གྱི་ཧྲི་ཀྲང་སཱ་ལཱ་དང་ཁོར་ཏི་ནཱ་ཏན་ཕེ་ཙོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཀའེ་ཏི་ནཱར་རྩིས་སྤྲད།
     ཚོགས་རར་དབྱི་ཐ་ལིའི་རྒྱལ་གླུ་དཀྲོལ་ནས་དབྱི་ཐ་ལིའི་རྒྱལ་དར་སྒྲེང་། སྨི་ལན་གྲོང་ཁྱེར་དང་ཁོར་ཏི་ནཱ་ཏན་ཕེ་ཙོ་གྲོང་ཁྱེར་གྱིས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན《གྲོང་ཁྱེར་གཉིས་ལག་གདང་སྦྲེལ།·མཉམ་དུ་འོད་སྟོང་གཏོད》ཅེས་པ་འཁྲབ་པ་རེད།
     དེ་རྗེས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚའེ་ཆིས་ཤིས་ཚིག་བསྒྲོན་སྐབས། བརྗེད་པར་དཀའ་བའི་ཉིན་16རིང་། འཛམ་གླིང་ས་གནས་ཁག་ནས་ཕེབས་པའི་ལུས་རྩལ་པ་ཚོས་འགྲན་རའི་ནང་མངོན་པའི་ལུས་རྩལ་གྱི་ཉམས་འགྱུར་ལས“དེ་བས་མྱུར་བ་དང་། དེ་བས་མཐོ་བ། དེ་བས་སྟོབས་དང་ལྡན་པ། དེ་བས་མཐུན་སྒྲིལ”བཅས་ཀྱི་ཨོ་ལིམ་ཕིག་གི་སྙིང་སྟོབས་མངོན་པར་བྱས་ཡོད། ཨོ་ལིམ་ཕིག་ཁྱིམ་ཚང་ཆེ་མོའི་ཁོངས་མིས་མཐུན་སྒྲིལ་མཉམ་ལས་དང་སྨྱན་སྦྱོར་ཁག་གིས་འཕྲིན་སྤེལ་བརྒྱུད་གཏོང་ཞིབ་ཚགས་བྱས་ནས་གོ་ལ་ཧྲིལ་པོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རའི་ཕྱི་ནང་གི་ངོ་མཚར་རྣམ་པ་མངོན་པར་བྱས་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་དང་། རྒྱབ་སྐྱོར་གནང་མཁན། ལེགས་སྐྱེས་འབུལ་མཁན་བཅས་ཀྱི་གྲོགས་པོ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོའི་ལུས་ཐོག་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ངོ་མཚར་མངོན་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་གངས་འཁྱགས་ལུས་རྩལ་གྱི་དུས་རབས་གསར་པ་བཏོད་ཡོད། ང་ཚོས་བརྗེད་པར་དཀའ་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ངོ་མཚར་ཆེ་བའི་དུས་དེ་བློ་ལ་བཅངས་ཏེ་ལག་གདང་སྦྲེལ་ནས་མིའི་རིགས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས་པ་རེད།
     རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོས་ཤིས་ཚིག་བསྒྲོན་སྐབས། ཁོང་གིས་སྐབས་འདིའི་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་དང་ཨོ་ལིམ་ཕིག་ལུས་རྩལ་གྲོང་ཚོར་ཐུན་མོང་གི་ཁྱད་ཆོས་ལྡན་པ་དང་འགྲན་རའི་རྣམ་པ་མི་རྣམས་ཧང་སངས་བ་ཞིག་ཡོད་ལ། སྒྲིག་འཛུགས་ལས་དོན་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ཡོད། ང་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་སྲིད་གཞུང་གི་སྡེ་ཚན་དང་དེ་བཞིན་ཀྲུང་གོར་ཡོད་པའི་ང་ཚོའི་མཉམ་ལས་རོགས་ཟླ་ཡོངས་དང་གྲོགས་པོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ནི་གནམ་འོག་ཏུ་འགྲན་ཟླ་བྲལ་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཤིག་ཡིན། ང་ཚོས་ཀྲུང་གོ་འདི་ཉིད་གངས་འཁྱགས་ལུས་རྩལ་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་འགྱུར་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། མཇུག་ཏུ་པཱ་ཧོས་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པ་མཇུག་འགྲིལ་བའི་ཁྱབ་བསྒྲགས་གནང་བ་དང་འབྲེལ་འཛམ་གླིང་ཡོངས་ཀྱི་གཞོན་ནུ་ཚོ་ལོ་4ཡི་རྗེས་སུ་སྨི་ལན—ཁོར་ཏི་ནཱ་ཏན་ཕེ་ཙོ་རུ་འཛོམས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་ལྔ་པར་ཞུགས་རྒྱུའི་འབོད་སྐུལ་ཡང་གནང་བ་རེད།

ཟླ་2ཚེས་20ཉིན་གྱི་དགོང་མོ། དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་མཇུག་འགྲིལ་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མཇུག་འགྲིལ་མཛད་སྒོར་ཞུགས་པ།
ཟླ་2ཚེས་20ཉིན་གྱི་དགོང་མོ། དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་མཇུག་འགྲིལ་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མཇུག་འགྲིལ་མཛད་སྒོར་ཞུགས་པ།

  
style="display:none;"