མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཉི་ལེར་འགོ་ཁྲིད་ནུས་པའི་སློབ་གླིང་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པའི་མཛད་སྒོར་
རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 02ཚེས་25ཉིན། 15:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་23ཉིན། ཉི་ལེར་འགོ་ཁྲིད་ནུས་པའི་སློབ་གླིང་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཐན་ཙན་ནི་ཡར་གཉེར་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཐན་ཙན་ནི་ཡའི་གསར་བརྗེ་ཏང་དང་། ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན། མོ་ཙམ་པི་ཁེའི་བཅིངས་འགྲོལ་འཐབ་ཕྱོགས་ཏང་། ཨན་ཀོ་ལའི་མི་དམངས་བཅིངས་འགྲོལ་ལས་འགུལ། ན་སྨི་པི་ཡའི་མི་དམངས་རྩ་འཛུགས་ཏང་། ཙམ་པབ་ཝེའི་ཨ་ཧྥེ་རི་ཁའི་མི་རིགས་མནའ་འབྲེལ—རྒྱལ་གཅེས་འཐབ་ཕྱོགས་བཅས་ལྷོ་ཨ་ཧྥེ་རི་ཁའི་གཅེན་གཅུང་ཏང་དྲུག་གིས་མཉམ་འབྲེལ་ཐོག་འཛུགས་སྐྲུན་བྱས་པའི་ཉི་ལེར་འགོ་ཁྲིད་ནུས་པའི་སློབ་གླིང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་སྐབས་འདིར། ངས་ཀྲུང་གོ་གུང་ཁྲན་ཏང་གི་ཚབ་ཞུ་བ་དང་འབྲེལ་ང་རང་སྒེར་གྱི་མིང་ཐོག་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་དུས་ཡུན་རིང་པོའི་ནང་། ལྷོ་ཨ་ཧྥེ་རི་ཁའི་གཅེན་གཅུང་ཏང་དྲུག་གིས་རྒྱལ་ཁབ་དེ་གའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་རང་བཙན་དང་། འཛུགས་སྐྲུན། འཕེལ་རྒྱས་བཅས་ཀྱི་བྱ་གཞག་ལ་གཞོལ་བས་མི་དམངས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ཡོད། ཉི་ལེར་འགོ་ཁྲིད་ནུས་པའི་སློབ་གླིང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དེས་གཅེན་གཅུང་ཏང་དྲུག་པོས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུར་ལས་སྟེགས་གལ་ཆེན་མཁོ་འདོན་བྱས་ཏེ། གཅེན་གཅུང་ཏང་དྲུག་པོས་རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དེ་གོང་འཕེལ་དར་རྒྱས་མངོན་འགྱུར་ཡོང་བ་དང་རང་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་རོགས་རམ་ཐུབ་རྒྱུ་རེད་ཅེས་གསུངས་པ་རེད།

  
style="display:none;"