མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཁབ་ཆེན་པོའི་བཟོ་བོའི་གསར་གཏོད་སྤེལ་རེས་ཚོགས་ཆེན་སྐབས་དང་པོ་འཚོགས་པར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་གནང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་29ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཞི་ཅིན་ཕིང་གིས་རྒྱལ་ཁབ་ཆེན་པོའི་བཟོ་བོའི་གསར་གཏོད་སྤེལ་རེས་ཚོགས་ཆེན་སྐབས་དང་པོ་འཚོགས་པར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་ཏེ། དཀའ་སྤྱད་སྦྱོང་བརྡར་དང་། བརྩོན་ཞིབ་གཏིང་ཟབ། གསར་གཏོད་ཕོད་པ། གཞན་གྱི་སྔོན་དུ་བྱེད་ཕོད་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ། 
     “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ཉེའི་མཚམས་འདིར་རྒྱ་ཆེའི་རྩལ་ནུས་ཤེས་ལྡན་པ་དང་ངལ་རྩོལ་དཔེ་བཟང་ བར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ།
     རྒྱལ་ཁབ་ཆེན་པོའི་བཟོ་བོའི་གསར་གཏོད་སྤེལ་རེས་ཚོགས་ཆེན་སྐབས་དང་པོ་འཚོག་ཉེའི་མཚམས་འདིར་ངས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།
     ལག་རྩལ་བཟོ་པའི་དཔུང་ཁག་ནི་ཀྲུང་གོའི་བཟོ་སྐྲུན་དང་ཀྲུང་གོའི་གསར་གཏོད་ལ་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ། དེང་སྐབས་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དགོས་མཁོ་དང་འཚམ་པར་བྱེད་པ་དང་། དཀའ་སྤྱད་སྦྱོང་བརྡར། བརྩོན་ཞིབ་གཏིང་ཟབ། གསར་གཏོད་ཕོད་པ། གཞན་གྱི་སྔོན་དུ་བྱེད་ཕོད་པ་བཅས་བྱས་ནས། ལག་རྩལ་དང་རྩལ་ནུས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བཅས་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོན་ལས་དང་བཟོ་པའི་དཔུང་ཁག་འཛུགས་སྐྱོང་གི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། ལག་རྩལ་བཟོ་པའི་དཔུང་ཁག་གི་ནུས་པ་འདོན་སྤེལ་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་ཁོང་ཚོའི་གསར་གཏོད་དང་བློ་གྲོས་གང་ལེགས་མངོན་ཐུབ་པ་བྱེད་དགོས།
     “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ཉེའི་མཚམས་འདིར། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱ་ཆེའི་རྩལ་ནུས་ཤེས་ལྡན་པ་དང་ངལ་རྩོལ་དཔེ་བཟང་བར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ།
     ཞི་ཅིན་ཕིང་།                                                     
     2022ལོའི་ཟླ་4ཚེས་27ཉིན།
     (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་27ཉིན་འབྱོར་པའི་གློག་འཕྲིན)
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཆེན་པོའི་བཟོ་བོའི་གསར་གཏོད་སྤེལ་རེས་ཚོགས་ཆེན་སྐབས་དང་པོ་པེ་ཅིང་དུ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ཉེའི་མཚམས་འདིར། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱ་ཆེའི་རྩལ་ནུས་ཤེས་ལྡན་པ་དང་ངལ་རྩོལ་དཔེ་བཟང་བར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལག་རྩལ་བཟོ་པའི་དཔུང་ཁག་ནི་ཀྲུང་གོའི་བཟོ་སྐྲུན་དང་ཀྲུང་གོའི་གསར་གཏོད་ལ་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ། དེང་སྐབས་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དགོས་མཁོ་དང་འཚམ་པར་བྱེད་པ་དང་དཀའ་སྤྱད་སྦྱོང་བརྡར་དང་། བརྩོན་ཞིབ་གཏིང་ཟབ། གསར་གཏོད་ཕོད་པ། གཞན་གྱི་སྔོན་དུ་བྱེད་ཕོད་པ་བཅས་བྱས་ནས། ལག་རྩལ་དང་རྩལ་ནུས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བཅས་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོན་ལས་དང་བཟོ་པའི་དཔུང་ཁག་འཛུགས་སྐྱོང་གི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། ལག་རྩལ་བཟོ་པའི་དཔུང་ཁག་གི་ནུས་པ་འདོན་སྤེལ་བྱེད་རྒྱུར་མཐོང་ཆེན་བྱས་ཏེ། ཁོང་ཚོའི་གསར་གཏོད་དང་བློ་གྲོས་གང་ལེགས་མངོན་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མིང་གིས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
     རྒྱལ་ཁབ་ཆེན་པོའི་བཟོ་བོའི་གསར་གཏོད་སྤེལ་རེས་ཚོགས་ཆེན་སྐབས་དང་པོ་ནི་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“རྩལ་ནུས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པར་ངས་གསར་གཏོད་བྱེད”ཅེས་པ་དེ་རེད། དྲ་ཐོག་དང་དྲ་ཕྱིའི་བྱ་ཐབས་བརྒྱུད། རྒྱལ་ཁབ་ཆེན་པོའི་བཟོ་བོས་ཚབ་མཚོན་བྱས་པའི་རྒྱ་ཆེའི་ལས་བཟོའི་བྱང་ཆུབ་པའི་རྩལ་ནུས་དང་གསར་གཏོད་ཀྱི་གྲུབ་འབྲས་མངོན་པར་བྱས་ཏེ་རྒྱ་ཆེའི་རྩལ་ནུས་མཐོ་བའི་ཤེས་ལྡན་པར་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་རྒྱུ་རེད།    

  
style="display:none;"