མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་ལྔ་པའི་ཚང་འཛོམས་གྲོས་ཚོགས་ལ་
ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་19ཉིན། 12:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་6ཚེས་17ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་ལྔ་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ།

ཟླ་6ཚེས་17ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་ལྔ་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་17ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་ལྔ་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་བྱུང་བའི་ཁར་དུས་རབས་ཀྱི་རིམས་ནད་ཐོན་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་འགོག་རྐྱེན་འཕྲད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པར་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་བས་དྲང་གཞག་དང་། དེ་བས་རྒྱུན་མཐུད་ཆོག་པ། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ཡོང་བའི་རེ་བ་ཆེན་པོ་བྱེད་བཞིན་ཡོད། ང་ཚོས་གོ་སྐབས་དམ་འཛིན་དང་འགྲན་སློང་ལ་ཁ་གཏད་བཅག་སྟེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་ཏན་ཏིག་བྱེད་པར་སྐུལ་འདེད་བཏང་ནས། ཞི་བདེ་དང་། དར་རྒྱས། མཛེས་སྡུག་ལྡན་པ་བཅས་ཀྱི་འབྱུང་འགྱུར་མཉམ་གཏོད་མཉམ་སྤྱོད་བྱེད་དགོས།
    གཅིག་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ཡག་པོ་གཏོད་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ཏེ། རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པར་བརྩི་འཇོག་དང་རྒྱབ་སྐྱོར་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་བྱེད་རིང་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་དོ་སྙོམས་དང་། མཐུན་སྦྱོར། བསྟུན་མཁས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
    གཉིས་ནས་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་དགོས། ལྷོ་བྱང་མཉམ་ལས་དང་ལྷོ་ལྷོ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མཉམ་ལས་ཀྱི་ཐོན་ཁུངས་དང་ལས་སྟེགས་དང་འཕེལ་རྒྱས་ཀྱི་རོགས་ཟླའི་དྲ་རྒྱ་གཅིག་སྡུད་བྱས་ཐོག་འཕེལ་རྒྱས་ཀྱི་རོགས་སྐྱོར་མང་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆགས་པར་བྱས་ནས། འཕེལ་རྒྱས་ཀྱི་འགལ་རྐྱེན་ཆེན་པོ་སེལ་དགོས།
    གསུམ་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་སྲིད་ཇུས་དང་། རྒྱལ་སྤྱིའི་སྒྲིག་སྲོལ། མཉེན་པའི་འབྲེལ་མཐུད་ཚད་ལྡན་ལ་ཤུགས་སྣོན་བརྒྱབ་སྟེ། འབྲེལ་ཐག་ཆད་པ་དང་། མཁོ་སྤྲོད་ཆད་པ། ཕྱོགས་རྐྱང་པའི་བཀག་སྡོམ། གནོན་ཤུགས་ཆེན་པོ་སྤྲོད་པ་བཅས་འདོར་བ་དང་ཚོང་དོན་གྱི་བཀག་རྒྱ་བསལ་ཏེ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོར་སྲུང་སྐྱོང་བྱེད་པ་དང་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་འབྲུ་རིགས་དང་ནུས་རྒྱུའི་ཉམས་ཉེན་ལ་ལག་གདང་སྦྲེལ་ནས་ཁ་གཏད་བཅག་སྟེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་བྱེད་དགོས།
    བཞི་ནས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་མཐའ་འཁྱོངས་གཏོང་དགོས། གསར་གཏོད་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་། གསར་གཏོད་ཀྱི་སྒྲིག་སྲོལ་དང་ལམ་ལུགས་ཀྱི་ཁོར་ཡུག་འཐུས་སྒོ་ཚང་དུ་གཏོང་བ། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་གི་བཀག་རྒྱ་སེལ་བ། གསར་གཏོད་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གསར་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས།
    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མི་མངོན་པའི་སྟོབས་ཤུགས་འདང་ངེས་ཡོད་པ། ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་བཅས་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་མེད་པས། ང་ཚོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་བློ་བརྟན་འགྱུར་མེད་ངང་རྒྱ་ཆེར་བཏང་ནས་སྤུས་ཚད་མཐོ་པོས་མཉམ་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་གི་ཡིན། ཀྲུང་གོས་ཨུ་རུ་སུ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་ཀྱི་མདུན་ལམ་མཉམ་དུ་གཏོད་པ་དང་དཔལ་འབྱོར་འཕར་བའི་གོ་སྐབས་མཉམ་སྤྱོད་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ཟབ་ཏུ་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།
    ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཟླ་6ཚེས་17ཉིན་ཨུ་རུ་སུའི་ཧྲེང་པི་ཏེ་པའོ་རུ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱིས་འཚོགས་པ་རེད། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཕུ་སོགས་ཞུགས་ཡོད་པ་རེད།

ཟླ་6ཚེས་17ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་ལྔ་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ།
ཟླ་6ཚེས་17ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་ལྔ་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ།

  
style="display:none;"