མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མཚོ་འགག་གླེང་སྟེགས་ཚོགས་ཆེན་སྐབས་བཅུ་བཞི་པ་ཞ་མོན་དུ་འཚོགས་པ། དབང་དབྱང་ཞུགས་པ་
དང་ཤིས་ཚིག་བསྒྲོན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་15ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་ཞ་མོན་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཞ་མོན་དུ་མཚོ་འགག་གླེང་སྟེགས་ཚོགས་ཆེན་སྐབས་བཅུ་བཞི་པར་ཞུགས་པ་དང་ཤིས་ཚིག་བསྒྲོན་པ་རེད།
     དབང་དབྱང་གིས་བསྟན་དོན། མཚོ་འགག་གླེང་སྟེགས་ནི་ངོགས་གཉིས་ཀྱི་དམངས་ཁྲོད་སྤེལ་རེས་མཉམ་ལས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་རེད་ལ། སྤུན་ཟླའི་དབར་ཕན་ཚུན་བརྩེ་སེམས་གླེང་རེས་དང་ཕན་ཚུན་གླེང་མོལ་བྱེད་པའི་ལས་སྟེགས་ཤིག་ཀྱང་རེད། ཉིན་གཉིས་ཀྱི་གོང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་འགག་གླེང་སྟེགས་ལ་ཞུགས་མཁན་ཐའེ་དབན་གྱི་གཞོན་ནུ་ཁག་གཅིག་ལ་འཕྲིན་ལན་སྤྲིངས་པ་དེ་ཐོག་ནས་ཐའེ་དབན་གྱི་གཞོན་ནུ་ཚོར་བྱམས་བརྩེའི་ཐུགས་ཁུར་གནང་བ་མཚོན་ཡོད་ལ། མཚོ་འགག་གླེང་སྟེགས་ལའང་ཚད་མཐོའི་མཐོང་ཆེན་གནང་བ་ཡང་མཚོན་ཡོད། ངོགས་གཉིས་ཀྱི་གཞོན་ནུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་ལ་བརྡ་ལན་ཞུས་ཏེ་བློ་སེམས་གཅིག་མཐུན་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཐའེ་དབན་གྱི་གཞོན་ནུ་དེ་བས་མང་བ་སྐམ་ས་ཆེ་མོར་ཕུགས་འདུན་དོན་གཉེར་དང་། ཕུགས་འདུན་འགྲུབ་པ། ཕུགས་འདུན་མངོན་འགྱུར་བཅས་བྱེད་པར་ཡོང་རྒྱུར་མཐུན་སྒྲིལ་བྱས་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་འཕེལ་རིམ་ཁྲོད་ལང་ཚོའི་བཀྲག་མདངས་འཚེར་བར་བྱེད་དགོས།
    དབང་དབྱང་གིས་ནན་བཤད་གནང་དོན། ངོགས་གཉིས་ཀྱི་སྤུན་ཟླ་ནི་ཤ་རུས་འདྲེས་པའི་ཁྱིམ་ཚང་གཅིག་ལྟར་ཡིན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དུས་རབས་གསར་པར་ཏང་གིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ལག་བསྟར་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། སྤུན་ཟླ་ཐའེ་དབན་བའི་བདེ་སྐྱིད་འགན་སྲུང་དང་སྐམ་ས་ཆེ་མོར་འདྲ་མཉམ་ངང་ཐོབ་ཐང་ལོངས་སུ་སྤྱོད་པའི་ལམ་ལུགས་དང་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤུན་ཟླ་ཐའེ་དབན་བ་དང་ལྷག་པར་དུ་ཐའེ་དབན་གྱི་གཞོན་ནུ་སྐམ་ས་ཆེ་མོར་སློབ་སྦྱོང་དང་། ལས་ཞུགས། ལས་གཏོད། འཚོ་བ་སྐྱེལ་བ་བཅས་ལ་མཐུན་རྐྱེན་བཟང་པོ་ཧུར་ཐག་སྐྲུན་ཡོད། སྟོབས་དང་ལྡན་པའི་མེས་རྒྱལ་གྱི་རྒྱབ་རྟེན་ཡོད་པས། སྤུན་ཟླ་ཐའེ་དབན་བའི་དམངས་འཚོའི་བདེ་སྐྱིད་དེ་བས་ལེགས་སུ་དང་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་རུ་འགྲོ་ངེས་རེད། རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བ་ཚོས་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོ་གསལ་རྟོགས་ཐུབ་པ་དང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བརྟན་པོར་ལངས་ནས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་སྣ་ཚོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་བདེ་སྐྱིད་དང་ཕུགས་འདུན་རང་གི་ལག་ཏུ་དམ་པོར་འཛིན་དགོས།
     ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཞ་ལི་ཡན་གྱིས་བརྙན་ལམ་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་གོ་མིན་ཏང་གིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱི་རྨང་གཞིའི་ཐོག མཚོ་འགག་ངོགས་གཉིས་ཀྱི་འགྲེ་འོང་གླེང་མོལ་ལ་སྐུལ་འདེད་བཏང་བ་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་མཐའ་འཁྱོངས་བྱས་ཏེ་ཐའེ་དབན་མི་དམངས་ཀྱི་རེ་སྒུག་དང་མཐུན་པ་དང་། ངོགས་གཉིས་ཀྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་ཕན་པའི་ལས་དོན་སྤེལ་གྱི་ཡིན་ཞེས་བཤད་པ་རེད། ཏང་གསར་པའི་ཀྲུའུ་ཞི་ཝུའུ་ཁྲེང་ཏེན་གྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་སྐབས། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”དང་ངོགས་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་མཐའ་འཁྱོངས་བྱས་ཏེ། “ཨ་རི་དང་མཉམ་འབྲེལ་བྱས་ནས་ཀྲུང་གོར་འགོག་རྒོལ”དང“ཨ་རི་དགའ་ཉེར་བརྟེན་ནས་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་པའི”སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་ངོགས་གཉིས་དབར་ཕྱོགས་ཡོངས་ནས་སྤེལ་རེས་བྱེད་པ། གྲོས་མོལ་བརྒྱུད་ཞི་བའི་གཅིག་གྱུར་གྱི་དམིགས་ཚད་བསྒྲུབ་དགོས་ཞེས་བཤད་པ་རེད། སྤུན་ཟླ་ཐའེ་དབན་བའི་འཐུས་མི་གཞན་གྱིས་ཀྱང་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།
    ཧྥུའུ་ཅན་དུ་བཞུགས་རིང་། དབང་དབྱང་གིས་ད་དུང་ཞ་མོན་དུ“ཐུན་མོང་ཁྱིམ་གཞིས་དང་ཐུན་མོང་དྲན་འཆར། ཧྥུའུ་ཅན་དང་ཐའེ་དབན་འབྲེལ་བའི་ཡིག་ཚགས་ཀྱི་ཚད་ལྡན་ཡིག་ཆའི་འགྲེམས་སྟོན”ལ་གཟིགས་སྐོར་གནང་བ་མ་ཟད། ཀྲང་ཀྲོའུ་གྲོང་ཁྱེར་ངོགས་གཉིས་ཀྱི་གཞོན་ནུའི་ལས་གཏོད་རྟེན་གཞི་དང་ཐའེ་དབན་མ་དངུལ་ཁེ་ལས་ལ་རྟོག་ཞིབ་ཀྱང་གནང་ཞིང་། ཁོང་གིས་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་བ་ནི། ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་བསམ་འདུན་དང་མཐུན་པ་དང་མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དང་ཐའེ་དབན་ལ་ཕན་པ་དང་དམངས་ལ་ཕན་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ཏན་ཏིག་བྱས་ནས། ལས་དོན་གང་སྤེལ་བ་དག་སྤུན་ཟླ་ཐའེ་དབན་བའི་སེམས་སུ་ཟུག་པ་དང་ཕན་འབྲས་ལོངས་སྤྱོད་ཐུབ་པར་བྱས་ཏེ་སྤེལ་རེས་ལ་བརྟེན་ནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཀུན་ཕན་ལ་བརྟེན་ནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། བརྩེ་སེམས་ལ་བརྟེན་ནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དེ་བས་སྟབས་བསྟུན་གྱི་བྱ་ཐབས་སྤྱད་དེ་ཐའེ་དབན་གྱི་གཞོན་ནུ་སྐམ་ས་ཆེན་པོར་ལས་ཞུགས་ལས་གཏོད་བྱེད་པར་སྟབས་བདེ་ལ་ཕན་འབྲས་ཆེ་བའི་ཞབས་འདེགས་ཞུས་ནས། ཁོ་ཚོས་མེས་རྒྱལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འོད་སྟོང་འཕྲོ་བའི་མདུན་ལམ་དངོས་འབྲེལ་ཚོར་བ་བྱས་ཏེ་ཡོང་འདོད་པ་དང་། གཞི་ཆགས་ཐུབ་པ། མཉམ་འདྲེས་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"