མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་མཐོ་རིམ་སློབ་གྲྭ་དཀྱུས་མའི་ཏང་ཨུའི་འགོ་ཁྲིད་
འོག་གི་སློབ་གཙོའི་འགན་འཁྲིའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་
སྐོར་གྱི་ལག་བསྟར་བསམ་འཆར་ཞེས་པ་པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་16ཉིན། 11:46】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

    མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་མཐོ་རིམ་སློབ་གྲྭ་དཀྱུས་མའི་ཏང་ཨུའི་འགོ་ཁྲིད་འོག་གི་སློབ་གཙོའི་འགན་འཁྲིའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་ཞེས་པ་པར་འགྲེམས་བྱས་པ་མ་ཟད་བརྡ་ཐོའང་བཏང་སྟེ་ས་གནས་ཁག་དང་སྡེ་ཁག་ཁག་གིས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ལག་ལེན་མཐར་ཕྱིན་ནན་ཏན་བསྟར་དགོས་པའི་བླང་བྱའང་བཏོན་པ་རེད། བརྡ་ཐོའི་ནང་དུ་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་ནས་བཟུང་ཏང་ཀྲུང་དབྱང་གིས་མཐོ་རིམ་སློབ་གྲྭར་ཕྱོགས་ཡོངས་ནས་ཏང་ཨུའི་འགོ་ཁྲིད་འོག་གི་སློབ་གཙོའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་རྒྱུའི་གཏན་འཁེལ་བྱས་པ་རེད། ལག་ལེན་གྱི་ཐོག་ནས་ལམ་ལུགས་འདི་རང་རྒྱལ་གྱི་གནས་ཚུལ་དང་མཐོ་རིམ་སློབ་གསོ་འཕེལ་རྒྱས་འགྲོ་བའི་ཆོས་་ཉིད་དང་མཐུན་པར་ར་སྤྲོད་བྱུང་བས། ངེས་པར་དུ་བློ་འགུལ་སྤུ་ཙམ་ཡང་མི་བྱེད་པ་དང་ཡུན་རིང་མཐའ་འཁྱོངས་བྱ་དགོས་པ་མ་ཟད་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུའང་གཏོང་དགོས་ཞེས་བསྟན་པ་རེད།