མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

༄༅།།ལི་ཁེ་ཆང་གིས་དབྱི་ཐ་ལི་རྒྱལ་ཁབ་ཀྱི་ཙུང་ལི་ལུན་ཆི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་16ཉིན། 11:46】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

    མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་14ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རོ་མ་གྲོང་ཁྱེར་དུ་དབྱི་ཐ་ལི་རྒྱལ་ཁབ་ཀྱི་ཙུང་ལི་ལུན་ཆི་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་ཀས་ཀྲུང་དབྱི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་དགོངས་འཆར་བརྗེ་རེས་གཏིང་ཟབ་པོ་གནང་བ་དང་། ངོས་འཛིན་གཅིག་མཐུན་ཁྱབ་རྒྱ་ཆེན་པོ་བྱུང་བ་རེད།
    ལི་ཁེ་ཆང་གིས་ཀྲུང་དབྱི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ད་མཉམ་ལས་བྱེད་པའི་རྨང་གཞི་ཧ་ཅང་ཟབ་ཅིང་།2004ལོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་བ་རེད། ཀྲུང་གོའི་ཕྱོགས་ཀྱིས་དབྱི་ཐ་ལིའི་ཕྱོགས་དང་མཉམ་དུ་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་45འཁོར་བ་གོ་སྐབས་སུ་བཟུང་སྟེ་ཀྲུང་དབྱི་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་སྤེལ་བའི་ལོ་བཅུ་ཚན་གཉིས་པའི་ནང་གྲུབ་འབྲས་སྔར་ལས་ཕུན་སུམ་ཚོགས་པ་འཐོབ་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།