མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམག་ཡོངས་ཀྱི་ལས་བྱེད་པ་རྒན་པའི་ལས་དོན་དང་སྔོན་ཐོན་གསུམ་ལ་གཟེངས་བསྟོད་
བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིན་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་16ཉིན། 11:47】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱིས་ཆོག་མཆན་གནང་བ་བརྒྱུད་དམག་ཡོངས་ཀྱི་ལས་བྱེད་པ་རྒན་པའི་ལས་དོན་དང་ལས་བྱེད་པའི་ལུས་གསོ་ཁང་སྔོན་ཐོན་ཅན་དང་། ལས་བྲལ་ལས་འཁྱུར་ངལ་གསོ་ལས་བྱེད་པ་སྔོན་ཐོན་ཅན། ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྒྲུབ་མཁན་སྔོན་ཐོན་ཅན་བཅས་ལ་གཟེངས་བསྟོད་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའིཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་ཡོང་སྟེ་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་དམག་ཡོངས་ཀྱི་ལས་བྱེད་པའི་ལུས་གསོ་ཁང་སྔོན་ཐོན་ཅན་དང་། ལས་བྲལ་ལས་འཁྱུར་ངལ་གསོ་ལས་བྱེད་པ་སྔོན་ཐོན་ཅན། ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྒྲུབ་མཁན་སྔོན་ཐོན་ཅན་བཅས་ལ་བླ་ན་མེད་པའི་གུས་བཀུར་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདི་ཞུས་གནང་བ་རེད།