མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཀྱི་ཚོགས་འདུ་འཚོགས་ཏེ་སྐབས་བཅོ་བརྒྱད་
པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་
དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་30ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

  མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཀྱི་ཚོགས་འདུ་འཚོགས་ཏེ་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།
    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
    ཚོགས་འདུའི་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་གྲོལ་རྗེས་འཚོགས་པའི་གལ་འགངས་ཧ་ཅང་ཆེ་བའི་ཚོགས་འདུ་ཞིག་རེད།ཧྲུའུ་ཅི་ཝང་ཆི་ཧྲན་གྱི་གསུང་བཤད་གལ་ཆེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་དང་།
    དགོངས་དོན་གྱི་ངོ་བོ།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཐད་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་བཅས་རྒྱས་བཤད་གཏིང་ཟབ་གནང་བར་དམིགས་སའི་རང་བཞིན་དང་།མཛུབ་ཁྲིད་རང་བཞིན།བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཤུགས་ཆེན་ལྡན་པ་དེ་ཐོག་ནས་ཀྲུང་དབྱང་སྒྲིག་ཨུད་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་།སྒྲིག་ཁྲིམས་ལྟར་ཏང་ནན་སྐྱོང་དང་ཏང་ལ་དོ་དམ་བྱེད་པ།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཕོད་པ་དང་མངོན་གསལ་དོད་པའི་རྣམ་འགྱུར་གང་ལེགས་མཚོན་གྱི་ཡོད།ང་ཚོས་ཧྲུའུ་ཅི་ཝང་ཆི་ཧྲན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་འགན་འཁྲི་ཏན་ཏིག་ཁུར་ཐོག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་བསྟན་པ་རེད།
    ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཆི་ཧྲན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ངོ་བོ་འཕྱུགས་མེད་ངང་ཁོང་དུ་ཆུད་པ་བྱས་ཏེ་བསམ་བློ་གཅིག་གྱུར་དང་ལས་ཀར་མཛུབ་ཁྲིད་བྱེད་དགོས།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་།རྒྱལ་ཁབ་སྐྱོང་བར་ངེས་པར་དུ་ཏང་སྐྱོང་བ་དང་ཏང་དོན་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ནམ་ཡང་མཚམས་མི་འཇོག་པ།ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ཐོག་མཐའ་བར་གསུམ་དུ་དམ་དྲང་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར”བྱ་རྒྱུ་དེ་བྱ་སྤྱོད་དངོས་སུ་འགྱུར་བ་བྱེད་དགོས་པ།ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ཕན་ཚུན་གཅིག་གྱུར་བྱེད་དགོས་པ།“འགྱུར་ལྡོག་གསུམ”གཙོ་གནད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་དགོས་པ་བཅས་བསྟན་པ་རེད།
    ཚོགས་འདུའི་ཐོག་གཅིག་ནས་འགན་འཁྲི་གཉིས་ཤུགས་ཆེར་གཏོང་དགོས་ཤིང་།རིམ་ཁག་ཏང་ཨུད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཆབ་སྲིད་ལས་འགན་འགངས་ཆེན་ལ་བརྩིས་ནས་དུས་བཀག་ལྟར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྙན་ཞུ་ཉན་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དུས་བབ་ལ་དབྱེ་ཞིབ་བྱས་ཐོག་དམིགས་ཚད་ལས་འགན་དང་ལས་ཀའི་འཆར་འགོད་ཞིབ་འཇུག་བྱས་ཏེ་བཟོ་དགོས་པ་དང་།རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བློ་མཐུན་གཙོ་བོས“འགན་འཁྲི་བ་དང་པོའི”འགན་འཁྲི་ཏན་ཏིག་འཁུར་ནས་རྩ་དོན་མཐའ་འཁྱོངས་དང་དམ་འཛིན་དང་དོ་དམ་བྱེད་ཕོད་པ་བྱེད་དགོས་པ།ཚན་ཁག་གི་ཁོངས་མི་གཞན་དག་གིས་ལས་བགོས་གཞིར་བཟུང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་འགན་འཁྲི་ནན་ཏན་ངང་སྒྲུབ་དགོས་པ།རིམ་ཁག་སྒྲིག་ཨུད་ཀྱིས་ལྟ་སྐུལ་འགན་འཁྲི་ཡག་པོ་བསྒྲུབས་ཏེ་ཏང་ཨུད་ལ་གཞོགས་འདེགས་ཀྱིས་ཏང་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ཐོག་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་ལས་འགན་ལ་ལྟ་ཞིབ་དང་དོན་འཁྱོལ་བྱེད་དགོས་པ་བཅས་དང་།
    གཉིས་ནས་ཆབ་སྲིད་སྒྲིག་ལམ་དམ་དྲང་བྱེད་དགོས་ཤིང་།བསམ་བློ་དང་།ཆབ་སྲིད།བྱ་སྤྱོད་བཅས་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཏེ“བཀའ་བརྩི་དང་ལེན་བཞི”ཤུགས་ཆེར་གཏོང་བ་དང་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག་བྱ་སྤྱོད་མཐའ་དག་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་ཉན་དགོས་པ།
    གསུམ་ནས་སྔ་ཕྱི་བར་གསུམ་དུ་བླང་བྱ་ནན་པོ་འདོན་དགོས་ཤིང་།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་དེ་ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་བཞག་ནས་བོད་འདི་ཉིད་མ་གཞི་མཐོ་གྲང་གསོ་རླུང་མི་འདང་བ་དང་།ཆ་རྐྱེན་ཞན་པ།ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོར་གནས་པ་བཅས་ཡིན་མོད།འོན་ཀྱང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་བཙུགས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”ལག་བསྟར་ནན་པོ་བྱས་ཐོག་སྤྱོད་བཟང་སྒྲིག་ནན་རྒྱུན་འཁྱོངས་བྱེད་དགོས་པ།
    བཞི་ནས“ཕྱོགས་གཉིས་ཀར་དམ་འཛིན་བྱ་རྒྱུ”མཐའ་འཁྱོངས་བྱེད་དགོས་ཤིང་།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཕྱོགས་གཅིག་ནས་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ་དང་ཕྱོགས་གཞན་ཞིག་ནས་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་འགན་ལེན་གལ་ཆེན་དུ་བརྩི་བ་དང་ཏང་ཡོན་དང་ལས་བྱེད་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཀྱི་མཚོན་ཚུལ་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས།ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཐོབ་རེ་ཤོར་དོགས་བྱེད་པ་དང་།ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་སྟོང་བསམ་འཆང་བ།ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རྗེས་སུ་འབྲངས་པ།ཁ་ཕྲལ་སིམ་འཛུལ་གྱི་གཏོར་བཤིག་བྱེད་སྒོའི་ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཏང་ཡོན་དང་ལས་བྱེད་པ་ཡིན་ཕྱིན་སྒྲིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ།
    ལྔ་ནས་སྐོར་གཟིགས་ཀྱི་བྱེད་ཐབས་བཀོལ་སྤྱོད་ནན་པོ་བྱེད་དགོས་ཤིང་།སྐོར་གཟིགས་ལས་དོན་སྤེལ་རྒྱུ་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བྱེད་ཐབས་ནུས་ལྡན་ཞིག་ཏུ་བརྩིས་ནས་སྐོར་གཟིགས་ཀྱི་གཙོ་གནད་མངོན་གསལ་དོད་པ་དང་།སྐོར་གཟིགས་བྱེད་སྟངས་ལེགས་སུ་གཏོང་བ།སྐོར་གཟིགས་ཀྱི་འབྲས་བུ་ཡག་པོ་སྤྱོད་པ་བཅས་བྱས་ཐོག་སྐོར་གཟིགས་ལ་བརྟེན་ནས་ཟིལ་གྱིས་གནོན་ཐུབ་པ་བྱེད་དགོས་པ།
    དྲུག་ནས་གྱོད་གཞི་ཞིབ་བཤེར་ཐག་གཅོད་ཚ་ནན་བྱེད་དགོས་ཤིང་།རུལ་སུངས་ལ་ཆད་གཅོད་བྱེད་པའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་བཟོད་བསྲན་གཏན་ནས་མི་བྱེད་པའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་གཅོད་བྱེད་པ་དང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཡོ་བསྲང་མི་བྱེད་པ་དང་།གནད་དོན་གྱི་ཁུངས་སྣེ་གཅིག་སྡུད་དང་མང་ཚོགས་ཀྱིས་ཤོད་མང་བ།ད་ཆ་ལས་གནས་འགངས་ཆེན་ཐོག་ཡོད་པ་མ་ཟད་ད་དུང་བསྐོ་འཐེན་བྱེད་སྲིད་པ་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་ཞིབ་བཤེར་ཐག་གཅོད་བྱས་ཐོག་རུལ་སུངས་བྱེད་མི་ཕོད་པའི་རྣམ་པ་ཤུགས་ཆེར་གཏོང་དགོས་པ།
    བདུན་ནས་ཆད་གཅོད་དང་སྔོན་འགོག་མཉམ་དུ་བྱེད་དགོས་ཤིང་།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང《རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་2013ལོ་ནས་2017ལོའི་བར་གྱི་ལས་ཀའི་འཆར་འགོད》ཀྱི་ལག་བསྟར་བསམ་འཆར་དང《སྲིད་གཙང་ཉེན་འགོག་ཚོད་འཛིན་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པའི་ལག་བསྟར་བསམ་འཆར》དོན་འཁྱོལ་ཡག་པོ་བྱས་ནས“རུལ་སུངས་བྱེད་མི་ཕོད་པ་དང་།རུལ་སུངས་བྱེད་མི་རུང་བ།རུལ་སུངས་བྱེད་མི་འདོད་པ”བཅས་ཀྱི་ལམ་སྲོལ་ནུས་ལྡན་ཞིག་འཚོལ་ཞིབ་བྱས་ཏེ་འཛུགས་དགོས་པ།
    བརྒྱད་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་།རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བླང་བྱར་གཞིགས་ཏེ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྔར་བས་འགན་ནུས་འགྱུར་ལྡོག་གཏོང་བ་དང་།བྱ་ཐབས་འགྱུར་ལྡོག་གཏོང་བ།སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ནས་རང་རྟོགས་ངང་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་བ་དང་སྒྲིག་བཤེར་ལས་བྱེད་པར་སློབ་གསོ་ནན་པོ་དང་དོ་དམ་ནན་པོ་བྱས་ཐོག་བློ་དཀར་དང་།དྭངས་གཙང་།འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་པའི་དཔུང་ཁག་གཅིག་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།