མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་30ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

  མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༢༩ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་། གྲོས་ཚོགས་ཐོག་འཛད་སྤྱོད་རྒྱ་སྐྱེད་དང་རིམ་སྤར་བྱ་རྒྱུར་སྐུལ་སྤེལ་དང་དཔལ་འབྱོར་སྤུས་ལེགས་ནུས་འཕར་ཡོང་བར་སྐུལ་སྤེལ་གཏོང་རྒྱུའི་བཀོད་སྒྲིག་དང་། དངུལ་ཁང་གི་ཁཱ་ཡིས་ཚོང་རར་གཙང་རྩིས་བྱེད་སྒོ་སྔར་ལས་ཆེ་བར་འབྱེད་པ་དང་ཚད་ལྡན་དུ་གཏོང་རྒྱུ་དང་། དངུལ་རྩའི་སྒོ་རྒྱལ་ཁབ་ཕྱི་ནང་ལ་འབྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་གཏན་འབེབས། དཀར་པོ་དགེ་བའི་ལས་འཕེལ་རྒྱས་གཏོང་ཐབས་དང་གཅེས་སེམས་སྔར་ལས་མང་བ་འདུ་འགྲིལ་གྱིས་དབུལ་སྐྱོར་རྒུད་སྐྱོབ་བྱ་རྒྱུའི་གཏན་འབེབས་བཅས་བྱས་པ་རེད།