མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕུའུ་ཅན་དུ་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་04ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་གིས་ཕུའུ་ཅན་དུ་བརྟག་ཞིབ་གནང་བ།

མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཉེ་ཆར་ཕུའུ་ཅན་དུ་བརྟག་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་དང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་འཕེལ་རིམ་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་སྐྱེད་སྲིང་། སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བ། སྤྱི་ཚོགས་ཀྱི་མཉམ་ཤུགས་གོང་བུ་སྒྲིལ་བ། ལེགས་ཆ་དང་མངོན་མེད་སྟོབས་ཤུགས་འདོན་སྤེལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་ཤུགས་བཟང་པོ་མཐའ་འཁྱོངས་བཅས་བྱས་ནས་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་པ་དང་ཚད་བརྒལ་གསར་པ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས་སྤྱོད་ཚུལ་ལེགས་བཅོས་རྒྱུན་མཐུད་མགྱོགས་སུ་བཏང་ནས་ཏང་ནན་པོ་སྐྱོང་བའི་བླང་བྱ་སྒོ་ཀུན་ནས་དོན་འཁྱོལ་བྱ་རྒྱུ་ནི་བྱ་གཞག་ཁག་སྐྱོན་བྲལ་འཕེལ་རྒྱས་ཡོང་བའི་རྩ་བའི་འགན་ལེན་ཡིན། ང་ཚོས་སྤྱོད་ཚུལ་ལ་དམ་འཛིན་གྱིས་ལམ་ལུགས་དང་ལུགས་སྲོལ་ཡག་པོ་དངོས་འབྲེལ་ལག་བསྟར་བྱེད་པའམ་ཡང་ན་བྱེད་སྲོལ་ངན་པ་རྩ་བ་ནས་བསྒྱུར་བ་གང་ཡིན་རུང་སྟོབས་ཤུགས་འདང་ངེས་དང་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་དང་། གོམ་སྟབས་བརྟན་པོ་དང་། གོམ་པ་རིམ་བགྲོད། བྱས་རྗེས་ཡུན་རིང་འཇོག་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱས་ནས་བཅོས་སྒྲིག་ཇུས་གཞི་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ་དང་། བཅོས་སྒྲིག་ཁས་ལེན་རེ་རེ་བཞིན་མངོན་དུ་འགྱུར་བ་བྱས་ཏེ་སླ་བཅོས་སྤུ་ཙམ་མི་བྱེད་པ་དང་འགོག་སྲུང་ནན་པོ་བྱས་ནས་བབ་ལྟ་མཁན་ལ་སླར་ཡང་ཐེ་ཚོམ་མི་ཟ་བ་དང་། སྟབས་ལེགས་རེ་མཁན་ལ་འཁྲུལ་སྣང་སེལ་བ། གླགས་འཚོལ་མཁན་ལ་ཁྲོམ་ར་མེད་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

༄༅།།ཞིས་ཅིན་ཕིང་གིས་ཕུའུ་ཅན་དུ་བརྟག་ཞིབ་གནང་བ།