མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེ་དང་ཞལ་
འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེ་དང་ཞལ་
འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༦ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་གྲོང་ཁྱེར་པུའུ་ལི་སི་པན་དུ་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེ་དང་ཞལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་དང་། ཡོ་རོབ་མནའ་འབྲེལ་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་མཉམ་འབྲེལ་སྒྲིག་གཞི་ཆེ་ཤོས་ཤིག་རེད། ང་ཚོ་ཚང་མས་སྣེ་མང་ཅན་དུ་འཕེལ་རྒྱས་གཏོང་བའི་འདོད་ཚུལ་འཛིན་གྱི་ཡོད་པ་དང་། ཚང་མས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་གཞོལ་བཞིན་ཡོད། ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་ཀྲུང་གོའི་དེང་རབས་ཅན་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་འཕེལ་རིམ་ནང་ནས་གོ་སྐབས་སྔར་ལས་མང་བ་རྙེད་པའི་རེ་བ་བྱེད་ཀྱི་ཡོད། འདི་ལོའི་དཔྱིད་ཀར་ཁོ་བོས་ཡོ་རོབ་གླིང་དུ་འཚམས་འདྲི་བྱེད་སྐབས་ཡོ་རོབ་ཕྱོགས་ཀྱི་འགོ་ཁྲིད་དང་མཉམ་དུ་ཀྲུང་ཡོའི་བར་ཞི་བདེ་དང་། གོང་འཕེལ་དང་། བསྒྱུར་བཅོས་དང་། ཤེས་དཔལ་བཅས་ཕྱོགས་ཆེན་པོ་བཞིའི་ཐོག་ནས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ཡོད། ཕྱོགས་གཉིས་ཀས་ཀྲུང་ཡོ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་པའི་ཁ་ཕྱོགས་ཆེན་པོ་དམ་འཛིན་བྱས་ཏེ་ཀྲུང་ཡོ་མཉམ་ལས་ཀྱི་༢༠༢༠ལོའི་འཐབ་ཇུས་ཀྱི་འཆར་འགོད་དོན་འཁྱོལ་ལེགས་པ་དང་། དབྱི་རན་གྱི་ཉིང་རྡུལ་སྐོར་དང་། གནམ་གཤིས་འགྱུར་ལྡོག་སྐོར། རྒྱལ་སྤྱིའི་ཉོ་འཚོང་གྲོས་མོལ་སྐོར་སོགས་ཀྱི་གནད་དོན་ཐོག་ཕན་ཚུན་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེར་གཏོང་། ཕྱོགས་གསུམ་པའི་མཉམ་ལས་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ་རྒྱབ་ཁབ་༢༠ཚོགས་པའི་སྒྲིག་གཞིའི་ནང་གི་མཉམ་ལས་ཟབ་སྤེལ་བྱ་དགོས་ཞེས་གསུངས་པ་རེད།