མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་ལྷོ་སྣེ་ཚན་རིག་རྟོག་དཔྱོད་མི་སྣ་ཚོར་འཚམས་
འདྲི་གནང་བ་མ་ཟད་ཀྲུང་གོའི“གངས་འབྲུག”རྟགས་ཅན་གྱི་ཚན་རིག་རྟོག་
དཔྱོད་གྲུ་གཟིངས་ལ་གཟིགས་སྐོར་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་19ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་ལྷོ་སྣེ་ཚན་རིག་རྟོག་དཔྱོད་མི་སྣ་ཚོར་འཚམས་
འདྲི་གནང་བ་མ་ཟད་ཀྲུང་གོའི“གངས་འབྲུག”རྟགས་ཅན་གྱི་ཚན་རིག་རྟོག་
དཔྱོད་གྲུ་གཟིངས་ལ་གཟིགས་སྐོར་ཡང་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༨ཉིན་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཐ་སི་མ་ཉི་ཡ་ཀྲོའུ་ཡི་གྲོང་ཁྱེར་ལྟེ་གནས་ཧོ་པ་ཐེ་རུ་འཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཨ་པོ་ཐེ་ཡིས་ཕེབས་རོགས་གནང་བའི་འོག་ལྷོ་སྣེའི་ཚན་རིག་རྟོག་དཔྱོད་ལས་གཞིར་གཟིགས་སྐོར་གནང་བ་མ་ཟད་རྒྱལ་ཁབ་གཉིས་ཀྱི་ཚན་རིག་རྟོག་དཔྱོད་མི་སྣ་ཚོར་འཚམས་འདྲི་ཡང་གནང་བ་རེད།
         ཞིས་ཅིན་ཕིང་གིས་ལྷོ་སྣེར་ཚན་རིག་རྟོག་དཔྱོད་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཞིང་། དེ་ནི་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་བླ་ན་མེད་པའི་བྱ་གཞག་ཅིག་རེད། ཀྲུང་གོས་ལྷོ་སྣེར་ཚན་རིག་རྟོག་དཔྱོད་སྤེལ་ནས་མིའི་རིགས་ཀྱིས་ཞི་བདེའི་སྒོ་ནས་ལྷོ་སྣེ་བེད་སྤྱོད་བྱ་རྒྱུར་ལེགས་སྐྱེས་ཕུལ་ཡོད། ལོ་ངོ་༣༠རིང་ལ་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་ཚན་རིག་རྟོག་དཔྱོད་མི་སྣ་རྣམས་ཀྱིས་ཕྱོགས་ཡོངས་ནས་མཉམ་ལས་གཏིང་ཟབ་སྤེལ་བ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ལྷོ་སྣེར་ཤེས་རྟོགས་དང་། ལྷོ་སྣེ་སྲུང་སྐྱོང་། ལྷོ་སྣེ་བེད་སྤྱོད་བཅས་སྔར་ལས་ལེགས་པར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།