མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཨ་པོ་ཐེ་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་18ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཨ་པོ་ཐེ་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༧ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཁན་པེ་ར་གྲོང་ཁྱེར་དུ་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཨ་པོ་ཐེ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་ཨོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དེ་ཀྲུང་ཨོ་རྒྱལ་ཁབ་གཉིས་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་གཏོང་རྒྱུའི་གཏན་འབེབས་གནང་བ་དང་། ཀྲུང་ཨོ་རྒྱལ་ཁབ་གཉིས་བར་གྱི་རང་མོས་ཉོ་ཚོང་གྲོས་ཆོད་སྐོར་གྱི་གྲོས་མོལ་དོན་དངོས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་མཇུག་བསྒྲིལ་བ་ཁྱབ་བསྒྲགས་བྱས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་ཞིང་། དཔལ་འབྱོར་ཐད་ཕན་ཚུན་གསབ་རེས་དང་། མི་དམངས་བར་མཛའ་ཞིང་མཐུན་པ། འབྲེལ་གཏུག་དམ་ཟབ། མཉམ་ལས་བྱེད་རྒྱ་ཆེ་བ་བཅས་ཡིན་པས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་ཕྱོགས་ཡོངས་ཀྱི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན་ལྡན་པ་ཉིན་རེ་བཞིན་མངོན་གསལ་དུ་འགྱུར་བཞིན་ཡོད། ཕྱོགས་གཉིས་ཀས་ཐུན་མོང་དུ་ཀྲུང་ཨོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་འདི་ནི་ཆ་རྐྱེན་འཛོམས་ནས་གྲུབ་འབྲས་ཐོན་པར་གྱུར་ཡོད།  ཕྱོགས་གཉིས་ཀས་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པར་འགོ་ཚུགས་ཏེ་འབྲེལ་གཏུག་བྱེད་རྒྱ་ཆེར་གཏོང་དང་། གྲོས་མོལ་བྱེད་ཤུགས་ཆེར་གཏོང་། ཕན་ཚུན་བརྩི་འཇོག   གསར་གཏོད་ཡར་བརྩོན། མཉམ་ལས་ཟབ་སྤེལ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པར་བསྐྲུན་པ་དང་། ས་ཁུལ་ཙམ་གྱིས་མ་ཚད་འཛམ་གླིང་ཡོངས་ཞི་བདེ་དར་རྒྱས་འགྲོ་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་ཞེས་བསྟན་གནང་བ་རེད།