མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་པར་ཙིར་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའོ་སའེ་ཧྥུའུ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་པར་ཙིར་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའོ་སའེ་ཧྥུའུ་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༦ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་པུའུ་ལི་སི་པན་གྲོང་ཁྱེར་དུ་པར་ཙིར་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའོ་སའེ་ཧྥུའུ་ལ་མཇལ་འཕྲད་གནང་བ་རེད།
     ཞིས་ཅིན་ཕིང་གིས་འདི་ལོའི་ཟླ་བདུན་པར་ཁོ་བོས་པར་ཙིར་རྒྱལ་ཁབ་ལ་ལེགས་འགྲུབ་ངང་རྒྱལ་དོན་འཚམས་འདྲི་བྱས་ཤིང་། ཁྱེད་རང་དང་ཁྱབ་ཁོངས་མང་པོ་ནས་མཉམ་ལས་ཟབ་སྤེལ་བྱ་རྒྱུར་ངོས་འཛིན་གཅིག་མཐུན་རྒྱ་ཆེན་པོ་བྱུང་བས། ཕྱོགས་གཉིས་ཀས་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་བདམས་པར་སྔར་ལས་གོ་བ་བླངས་པ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཕར་ཕྱོགས་རྒྱལ་ཁབ་འཕེལ་རྒྱས་གོ་སྐབས་དང་མཉམ་ལས་རོགས་ཟླར་སྔར་ལས་བརྟན་པོར་རྩི་བཞིན་ཡོད་པས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་མདུན་ལམ་ཧ་ཅང་རྒྱ་ཆེན་པོ་ཡོད། ང་ཚོས་ཡང་འབད་བསྐྱར་འབད་བྱས་ནས་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་བ་འཐོབ་པར་སྐུལ་འདེད་དང་། ཉོ་འཚོང་སྟབས་བདེ་ཅན་དང་རང་དབང་ཅན་དུ་འགྱུར་བར་སྐུལ་སྤེལ། པར་ཙིར་ཕྱོགས་ཀྱི་ཟོག་འདྲེན་ལྕགས་ལམ་དང་། མྱུར་བགྲོད་ལྕགས་ལམ། “རྒྱ་མཚོ་ཆེན་པོ་གཉིས་སྦྲེལ་བའི་ལྕགས་ལམ”བཅས་འཛུགས་སྐྲུན་ལ་དངོས་ཡོད་ཀྱི་འཕེལ་རྒྱས་སྔ་ཙམ་འབྱུང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་ཕྱོགས་མང་སྒྲིག་སྲོལ་ཁྲོད་ནས་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ཏེ་འབོ་གསར་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་དང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་ཁ་གཏད་འཇལ་འདོད་ཡོད། སང་ལོར་ཀྲུང་གོའི་པེ་ཅིང་དུ་ཀྲུང་གོ་དང་ལི་ཐིང་ཨ་མེ་རི་ཁ་གླིང་གླེང་སྟེགས་ཀྱི་སྐབས་དང་པོའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འཚོག་རྒྱུར་པར་ཙིར་ཕྱོགས་ཀྱིས་རྒྱབ་སྐྱོར་ཧུར་ཐག་གནང་བའི་རེ་འདུན་བྱེད་ཀྱི་ཡིན། ཁོ་བོས་ཁྱེད་རང་དང་མཐུན་སྦྱོར་དང་འབྲེལ་གཏུག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།