མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་ཀྲུང་གོར་བཅའ་སྡོད་བྱང་ཁོ་རེ་ཡའི་གཞུང་ཚབ་ཁང་དུ་ཕྱིན་ནས་ཅིན་ཀྲེང་རི་
སྐུ་གྲོངས་ནས་ལོ་ངོ་༣འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་19ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལིའུ་ཡུན་ཧྲན་ཀྲུང་གོར་བཅའ་སྡོད་བྱང་ཁོ་རེ་ཡའི་གཞུང་ཚབ་ཁང་དུ་ཕྱིན་ནས་ཅིན་ཀྲེང་རི་
སྐུ་གྲོངས་ནས་ལོ་ངོ་༣འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡༧ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ཀྲུང་གོར་བཅའ་སྡོད་བྱང་ཁོ་རེ་ཡའི་གཞུང་ཚབ་ཁང་དུ་ཕྱིན་ཏེ་བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་རི་སྐུ་གྲོངས་ནས་ལོ་ངོ་༣འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་མིང་ཐོག་ནས་མེ་ཏོག་སི་ར་ཕུལ་བ་རེད།
         ལིའུ་ཡུན་ཧྲན་གྱིས་བློ་མཐུན་ཅིན་ཀྲེང་རི་ཡིས་ཀྲུང་གོ་དང་བྱང་ཁོ་རེ་ཡ་རྒྱལ་ཁབ་གཉིས་བར་གྱི་སྲོལ་རྒྱུན་མཛའ་བཤེས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བར་ཕྱག་རྗེས་གལ་ཆེན་བཞག་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་བར་གྱི་སྲོལ་རྒྱུན་མཛའ་བཤེས་གཙིགས་ཆེན་དུ་འཛིན་གྱི་ཡོད་པ་མ་ཟད། བྱང་ཁོ་རེ་ཡའི་ཕྱོགས་དང་མཉམ་དུ་ཡུན་རིང་དང་ཁྱོན་ཡོངས་ལ་དམིགས་ནས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་བར་གྱི་སྲོལ་རྒྱུན་མཛའ་བཤེས་སྲུང་སྐྱོང་བཟང་པོ་དང་། སྲ་བརྟན་ལེགས་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཀྲུང་གོར་བཅའ་སྡོད་བྱང་ཁོ་རེ་ཡའི་གཞུང་ཚབ་ཆེ་མོ་ཁྲི་ཙའེ་ལུང་གིས་ལིའུ་ཡུན་ཧྲན་དྲན་གསོ་བྱེད་སྒོར་ཕེབས་པར་བཀའ་དྲིན་ཆེ་ཞུས་པ་དང་། བྱང་ཁོ་རེ་ཡའི་ཕྱོགས་ཀྱིས་ཀྲུང་གོའི་བློ་མཐུན་དང་མཉམ་དུ་འབད་བརྩོན་ཆེན་པོ་བྱས་ཏེ་བྱང་ཁོ་རེ་ཡ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་གོང་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

༄༅།།ལིའུ་ཡུན་ཧྲན་ཀྲུང་གོར་བཅའ་སྡོད་བྱང་ཁོ་རེ་ཡའི་གཞུང་ཚབ་ཁང་དུ་ཕྱིན་ནས་ཅིན་ཀྲེང་རི་
སྐུ་གྲོངས་ནས་ལོ་ངོ་༣འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པ།