མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<དགེ་སྒྲུབ་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་
སྤེལ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར་>>དཔར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་19ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<དགེ་སྒྲུབ་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར་>>དཔར་འགྲེམས་བྱས་ཏེ་དགེ་སྒྲུབ་ལས་དོན་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་ཚད་ལྡན་དུ་གཏོང་རྒྱུའི་སྲིད་ཇུས་དང་བྱ་ཐབས་གལ་ཆེན་རབ་དང་རིམ་པ་གཏན་འབེབས་བྱས་པ་རེད། འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཀྲུང་དབྱང་སྲིད་གཞུང་གི་མིང་ཐོག་ནས་བཏོན་པའི་དགེ་སྒྲུབ་ལས་དོན་འཕེལ་རྒྱས་གཏོང་བར་མཛུབ་སྟོན་དང་། ཚད་ལྡན། སྐུལ་སྤེལ་བཅས་བྱ་རྒྱུའི་ཡིག་ཆ་ཞིག་རེད།