མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲའོ་ལེ་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་<<གླེང་གཞིའི་>>དགོངས་དོན་གལ་ཆེན
་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་02ཉིན། 16:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་གི་སློབ་གཞི་ཁག་བཞི་པ་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་སྤྱི་ཟླ་2ཚེས་28ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ལེ་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཛད་པའི་<<གླེང་གཞིའི་>>དགོངས་དོན་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་སློབ་གཞི་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། སློབ་གསོ་གསོ་སྦྱོང་གི་ལས་དོན་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་གི་བྱ་གཞག་འཕེལ་རྒྱས་དང་ལས་བྱེད་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་ཞབས་འདེགས་དེ་བས་ལེགས་པ་ཞུས་ཏེ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་། སྒོ་ཀུན་ནས་ཏང་ནན་སྐྱོང་བཅས་ཀྱི་ཆེད་དུ་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲའོ་ལེ་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་གཞི་ཁག་དེར་བྲིས་གནང་བའི་<<གླེང་གཞིའི་>>ནང་ཏང་ཡོངས་ཀྱིས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་འཇོན་ཐང་ཆེ་རུ་གཏོང་བའི་དོན་སྙིང་གལ་ཆེན་དང་། དམིགས་ཚད་ལས་འགན། གཙོ་གནད་བླང་བྱ་བཅས་གསལ་པོར་བཏོན་ཡོད་པ་དེ་ནི་སློབ་སྦྱོང་རྣམ་པའི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར“ཡང་བསྐྱར་སྐུལ་སློང”བྱས་པ་ཞིག་དང་དེང་དུས་ཀྲུང་གོ་གུང་ཁྲན་ཏང་མིའི“སློབ་སྦྱོང་བྱེད་རྒྱུར་སྐུལ་མ་གཏོང་བའི་ལེའུ”ཞིག་རེད། <<གླེང་གཞིའི་>>དགོངས་དོན་གལ་ཆེའི་དོན་འཁྱོལ་ནན་ཏན་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་མཉམ་དུ་སློབ་སྦྱོང་དང་རྒྱུན་སྲིང་སློབ་སྦྱོང་བྱེད་དགོས། ཕྱོགས་ཁག་གི་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱས་ནས་ཤེས་བྱ་གསར་བརྗེས་མགྱོགས་པོ་བྱེད་པ་དང་། ཤེས་བྱའི་གྲུབ་ཆ་ལེགས་སྒྲིག་བྱེད་པ། མཐོང་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། བསླབ་ལ་བརྩོན་ཞིང་མནོ་བསམ་གཏོང་བ་དང་། སྤྱི་ཡོངས་དང་ཟུང་འབྲེལ་དང་། གནད་དོན་དང་ཟུང་འབྲེལ། འགན་འཁྲི་དང་ཟུང་འབྲེལ། རང་ཉིད་དང་ཟུང་འབྲེལ་བཅས་བྱས་ནས་བསམ་གཞིག་བྱས་ཏེ་སློབ་སྦྱོང་དང་བསམ་གཞིག་བྱ་རྒྱུ་དེ་སྒྱུར་བཀོད་བྱེད་པའི་བརྒྱུད་རིམ་དང་། བློ་སྦྱོང་གི་བརྒྱུད་རིམ། མཐོར་གཏོང་གི་བརྒྱུད་རིམ་བཅས་ལ་བརྩིས་ནས་སློབ་སྦྱོང་ཁྲོད་ལས་ཀ་བྱེད་པ་དང་ལས་ཀ་བྱེད་པའི་ཁྲོད་སློབ་སྦྱོང་བྱས་ནས་སྦྱངས་པ་གོ་ཆོད་དང་སྦྱོང་སྤྱོད་གཅིག་མཚུངས་ཡོང་བ་བྱས་ཏེ་རང་འགན་གཙང་སྒྲུབ་ཀྱི་བྱང་ཚད་དང་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།