མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་སྲས་ཝེ་ལེན་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་03ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་སྲས་ཝེ་ལེན་ལ་མཇལ་འཕྲད་གནང་བ།

     མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དབྱིན་ཇིའི་རྒྱལ་སྲས་ཝེ་ལེན་ལ་མཇལ་འཕྲད་གནང་། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྒྱལ་སྲས་ཝེ་ལེན་བརྒྱུད་ནས་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་གནང་བ་མ་ཟད། རྒྱལ་མོ་དབྱི་ལི་ཧྲ་པེ་ཡིས་གདན་ཞུ་ལྟར་དབྱིན་ཇི་རྒྱལ་ཁབ་ཏུ་འཚམས་འདྲི་བྱ་རྒྱུ་དང་དབྱིན་ཇིའི་འགོ་ཁྲིད་པ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་འཕེལ་རྒྱས་འབྲེལ་བར་འཆར་འགོད་བཟང་པོ་བྱེད་པའི་རེ་འདུན་ཡོད་ཅེས་བསྟན་པ་རེད།